རེ་བའི་ལམ།
རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བཞིན་པའི་ཞིབ་ཕྲའི་ལོ་རྒྱུས་
Thursday, December 8, 2011
Thursday, December 1, 2011
འཐབ་གྲོགས་ཁྱེད་ལ་སྨོན་ལམ་འདེབས་བཞིན་ཡོད།
འཐབ་གྲོགས་ཁྱེད་ལ་སྨོན་ལམ་འདེབས ་བཞིན་ཡོད།
༄༅། དེ་སྔ་བོད་ནང་རེག་དུག་ནད་གཞིའི་ སྐོར་གཞུང་འབྲེལ་མིན་པའི་ཚོགས་པ འི་ནང་ཕྱག་ལས་གནང་མཁན་དང༌། ཕྱི་ལོ་་ 1989་ ལོར་ཆབ་སྲིད་གནད་དོན་རྐྱེན་པས་བ ཙོན་དུ་ལོ་ 3་ བཙོན་བཅུག་སྐབས་ 1991་ ལོར་སླར་ཡང་བཙོན་ཁང་ནང་བོད་ཞི་བ ས་བཅིངས་འགྲོལ་བཏང་བ་ཟེར་བར་ངོ་ རྒོལ་སྐད་འབོད་བྱ་མཁན་གཙོ་བོའི་ གྲས་སུ་རྩིས་ཏེསླར་ཡང་ལོ་ 4་སྤར་ཏེ་ཁྱོན་མི་ལོ་ 7་བཙོན་བཅུག་མྱངས་ཞིང༌། སླར་ཡང་ཕྱི་ལོ་ 2008་ ལོར་ཆབ་སྲིད་ཀྱི་གནད་དོན་ཡོད་པར་ཉེ ས་འཛུགས་བྱས་ཏེ་ཚེ་གང་བཙོན་བཅུག ་བྱ་རྒྱུའི་ཐག་གཅོད་བྱས་ཏེ་ད་ལྟ ་ལྷ་སའི་ཆུ་ཤུལ་བཙོན་ཁང་ནང་ཚེ་བ ཙོན་གྱི་དུས་བཀག་འཁུར་བཞིན་ཡོད་ པའི་ཕྲན་གྱི་བཙོན་གྲོགས་དབང་འདུ ས་ལགས་གཙོས་པའི་བོད་ཁྱོན་ཡོངས་ཀ ྱི་འཐབ་གྲོགས་རྣམས་གང་མགྱོགས་གླ ོད་བཀྲོལ་དང་སྡུག་བསྔལ་ལས་ཐར་བ་ དང་། སྙིང་ལ་བརྣག་པའི་འདོད་དོན་གང་མྱ ུར་གྲུབ་པའི་སྨོན་ལམ་ཞུ་རྒྱུ་མ་ ཟད། དེ་རིང་རྒྱལ་སྤྱིའི་རེག་དུག་ཉིན ་མོའི་ World Aids Day དང་བསྟུན་ལས་རིགས་འདིའི་ཐད་རང་ན ུས་གང་ཡོད་ཀྱིས་སྤྱི་ཚོགས་ཞབས་འ དེགས་ཞུ་མཁན་ཁོང་དང་ཁོང་འདྲ་བར་ ཐུགས་སྣང་ཡོང་བའི་རེ་བ་ཡོད༎
༄༅། དེ་སྔ་བོད་ནང་རེག་དུག་ནད་གཞིའི་
Thursday, October 20, 2011
ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ ཉིན་གདུང་སེམས་བསྐྱེད་ཞུ་ཆེད་གཙུག་ལག་ཁང་དུ་སྨོན་ལམ་མཆོད་འབུལ་སྐབས་སྤེལ་བའི་བཀའ་བློན་ཁྲི་པའི་གཏམ་བཤད།
༢༠༡༡ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག སྐྱབས་ཡུལ་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཚོགས་པ་ཁག་གི་འགན་འཛིན་དང། སྲིད་ཞུ་ལས་བྱེད་པ། སློབ་ཕྲུག་དང་མི་མང་རྣམ་པ།
འདས་པའི་མི་ལོ་དྲུག་ཅུར་ཉེ་བའི་རིང་རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་བཟུང་བྱས་པ་ནས་བཟུང་བོད་མི་ཚོས་གདུག་རྩུབ་མནར་གཅོད་མི་བཟད་པ་མྱང་དང་མྱོང་བཞིན་པ་མ་ཟད། རྒྱ་ནག་གཞུང་གིས་ཡར་རྒྱས་བཏང་ཡོད་ཚུལ་རྫུན་གཏམ་གྱི་དྲིལ་བསྒྲགས་ཇི་ཙམ་སྤེལ་རུང་དོན་དངོས་ཐོག་བོད་ལྗོངས་ཡོངས་སུ་མི་སེར་སྤེལ་བའི་ལམ་ལུགས་ལག་བསྟར་གྱིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་གོམས་སྲོལ། རང་བྱུང་ཁམས་བཅས་པར་གོད་ཆག་ཚབས་ཆེན་ཕོག་དང་ཕོག་བཞིན་པར་བརྟེན། བོད་མི་ཚོས་ཞི་བའི་སྒོ་ནས་ངོ་རྒོལ་རབས་དང་རིམ་པ་སྤེལ་ཡོད། ཁྱད་པར་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་སུ་སེར་སྐྱ་རྒན་གཞོན་དབྱེ་བ་མེད་པར་བོད་མི་ཡོངས་ནས་རྒྱ་ནག་གཞུང་གི་མཁྲེགས་བཟུང་གི་སྲིད་བྱུས་ལ་ཞི་བའི་གྱེན་ལངས་དང།
༄༅། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག སྐྱབས་ཡུལ་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཚོགས་པ་ཁག་གི་འགན་འཛིན་དང། སྲིད་ཞུ་ལས་བྱེད་པ། སློབ་ཕྲུག་དང་མི་མང་རྣམ་པ།འདས་པའི་མི་ལོ་དྲུག་ཅུར་ཉེ་བའི་རིང་རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་བཟུང་བྱས་པ་ནས་བཟུང་བོད་མི་ཚོས་གདུག་རྩུབ་མནར་གཅོད་མི་བཟད་པ་མྱང་དང་མྱོང་བཞིན་པ་མ་ཟད། རྒྱ་ནག་གཞུང་གིས་ཡར་རྒྱས་བཏང་ཡོད་ཚུལ་རྫུན་གཏམ་གྱི་དྲིལ་བསྒྲགས་ཇི་ཙམ་སྤེལ་རུང་དོན་དངོས་ཐོག་བོད་ལྗོངས་ཡོངས་སུ་མི་སེར་སྤེལ་བའི་ལམ་ལུགས་ལག་བསྟར་གྱིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་གོམས་སྲོལ། རང་བྱུང་ཁམས་བཅས་པར་གོད་ཆག་ཚབས་ཆེན་ཕོག་དང་ཕོག་བཞིན་པར་བརྟེན། བོད་མི་ཚོས་ཞི་བའི་སྒོ་ནས་ངོ་རྒོལ་རབས་དང་རིམ་པ་སྤེལ་ཡོད། ཁྱད་པར་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་སུ་སེར་སྐྱ་རྒན་གཞོན་དབྱེ་བ་མེད་པར་བོད་མི་ཡོངས་ནས་རྒྱ་ནག་གཞུང་གི་མཁྲེགས་བཟུང་གི་སྲིད་བྱུས་ལ་ཞི་བའི་གྱེན་ལངས་དང།
Tuesday, October 18, 2011
Monday, August 8, 2011
མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་ཁྲི་སྐབས་གསུམ་པའི་ལས་ཁུར་འགོ་འཛུགས་ཀྱི་དམ་འབུལ་གཏམ་བཤད།
༢༠༡༡ ཟླ་ ༨ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །དེ་རིང་འདིར་ཆིབས་སྒྱུར་བསྐྱངས་པའི། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཕྱི་ནང་སྐུ་མགྲོན་རྣམ་པ། ཁྲིམས་ཞིབ་པ་ཆེ་བས་དབུས་པའི་ཁྲིམས་ཞིབ་པ་རྣམ་པ། དཔལ་ལྡན་ཚོགས་གཙོ་བགྲེས་གཞོན་གྱིས་དབུས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུས་པའི་བཀའ་བློན་རྣམ་པ། རང་དབང་ལྡན་པའི་ལས་ཁུངས་ཁག་གི་འགན་འཛིན་དང༌། དྲུང་ཆེ་ཆུང་གིས་དབུས་པའི་གཞུང་ཞབས་རྣམ་པ། དབུས་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི་དང༌། མཛའ་བརྩེའི་སློབ་ཕྲུག་དང་མི་མང་རྣམ་པ།
དེ་རིང་བོད་གངས་ཅན་གྱི་ལྗོངས་སུ་དམ་པའི་ལྷ་ཆོས་ཀྱི་སྣང་བ་སྤེལ་མཁན་རྒྱ་གར་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་འཁྲུངས་པའི་དུས་ཚིགས་ཁྱད་པར་ཅན་འདིར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་དང༌། བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས། ཕྲན་གྱིས་གུས་པ་ཆེན་པོས་བཀའ་བློན་ཁྲི་པའི་ལས་འཁུར་དང་ལེན་ཞུ་རྒྱུ་ཡིན།
ང་ཚོས། བོད་ཀྱི་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ། མགོན་སྐྱབས་དང་མེལ་ཚེ་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང༌། གུས་པར་བཙན་བྱོལ་བོད་མི་ཁྱོན་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བ་མ་ཟད། བཙན་འོག་ཏུ་ཚུད་པའི་བོད་རིགས་སྤུན་ཟླ་ཚོས་ཀྱང་སྨོན་འདུན་དང་འཚམས་འདྲིའི་ལམ་ནས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཆོས་ཕྱོགས་ནས་བྱིན་གྱིས་བརླབས་ཤིང༌། སྲིད་ཕྱོགས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་སྒྲིག་འཛུགས་

INAUGURAL SPEECH OF KALON TRIPA DR. LOBSANG SANGAY
Dharamsala, India
8th August 2011
My fellow Tibetans:
Today on this auspicious day when Guru Rinpoche, the great Indian yogi who spread Buddhism in Tibet, was born, and in the presence of His Holiness the Dalai Lama, our most revered leader, I accept, with deep humility, the post of the Kalon Tripa.
Sunday, August 7, 2011
Subscribe to:
Posts (Atom)