http://karkhung.com/?p=1433#more-1433
“ང་ཚོ་གངས་རིའི་དཔའ་རྒོད་ཡིན།”
ཞེས་བོད་ཀྱི་བཙུན་མ་སངས་རྒྱས་སྒྲོལ་མས་རང་ཉིད་མེ་རུ་བསྲེགས་ཏེ་རྒྱ་གཞུང་ལ་
ངོ་རྒོལ་བྱེད་ཁའི་ཞལ་ཆེམས།
སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་མེ་ཁྲི སྦི་ལེ་ཁུ།
མ་ རྩོམ་ལ་གཟིགས་ན་འདི་རུ་བསྣུན།
ལྷད་མེད་ཞི་དུལ་གྱི་མཛུམ་མདངས་མངོན་པའི་འདྲ་པར་དེ་ནི་ཁོ་མོར་མཚོན་ན་ཆེས་ མཐའ་མའི་འདྲ་པར་ཡིན་ལ། དེའི་ནང་ལོ་ན་བཅུ་བདུན་ལ་སོན་པའི་བཙུན་མ་ཞིག་གིས་མི་ཚེའི་སྐྱོ་སྡུག་གླེང་ བའི་གཏམ་རྒྱུད་བསྡུས་ཡོད། བོད་ལ་རང་དབང་དགོས་པའི་མངོན་འདོད་སྒྲོག་ཕྱིར། ཁོ་མོས་མཇུག་མཐའི་ཁ་ཆེམས་ཀྱི་ཡིག་འབྲུ་དག་ལག་ངོས་སུ་བྲིས་ཏེ་རང་ཉིད་མེ་རུ་ བསྒྲོན་ཡོད།
༡) འདྲ་པར་འདི་བསྒྲོན་ཏེ་ཉིན་ཤས་འགོར་རྗེས། སངས་རྒྱས་སྒྲོལ་མ་བོད་ཤར་ཁུལ་དུ་ཡོད་པའི་རྒྱ་ནག་སྲིད་གཞུང་ (མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྡོ་དཀར་མོ་ཡུལ་ཚོའི་སྲིད་གཞུང་) གི་ཁང་བརྩེགས་དང་ཉེ་སར་སོང་སྟེ། རང་ཉིད་ཀྱི་མགོ་ལུས་ཧྲིལ་པོ་རྡོ་སྣུམ་གྱིས་སྦངས་ཏེ་མེ་ལ་བསྒྲོན་ཡོད།
༢) འབྲི་དེབ་ཅིག་གི་ནང་ཁ་ཆེམས་ཀྱི་ཚུལ་དུ་ཁོ་མོས་འདི་ལྟར་བྲིས་འདུག་ཏེ་ “གངས་སེང་དཀར་མོའི་གཅེས་ཕྲུག གངས་ཅན་བུ་དང་བུ་མོ།། གངས་རིའི་བུ་རྒོད་རྣམས་པ།། བོད་པ་ཡིན་པ་མ་བརྗེད། །”
༣) དེ་དང་ལྷན་དུ་༸གོང་ས་སྐྱབས་མགོན་༸རྒྱལ་བའི་དབང་པོར་བསྟོད་སྨོན་གྱི་སྙན་ཚིག་ ཅིག་དང་བོད་ལ་རང་དབང་དགོས་སྐོར་བྲིས་བ་ཞིག་ཀྱང་ཡོད་འདུག
༤) ཕྱི་ལོ་༢༠༡༡ ཟླ་༣ པ་ནས་ད་ལྟའི་བར་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པར་ངོ་རྒོལ་གྱིས་རང་ཉིད་ མེ་རུ་བསྒྲོན་ཏེ་ལས་འགུལ་སྤེལ་མཁན་མི་གྲངས་༩༠ ལྷག་བྱུང་ཡོད།
བསམ་གཞིགས་ཀྱི་ཀློང་ནས་པར་ཆས་ཀྱི་ཤེལ་ངོས་སུ་ཅེར་བའི་ཁོ་མོའི་མཆུ་སྒྲོས་ ལ་མངོན་ལ་མི་མངོན་པའི་མཛུམ་རིས་ཤིག་འཁྱུག་འདུག པར་རིས་དེ་ལས་ལོ་ན་བཅུ་བདུན་ལ་སོན་པའི་སངས་རྒྱས་སྒྲོལ་མའི་ལང་ཚོ་དར་ལ་བབ་ པའི་ན་གཞོན་གྱི་སྒེག་ཉམས་མཐོང་ཐུབ། འོན་ཀྱང་མུན་ནག་འཐིབ་པའི་མལ་ཁང་དེ་རུ་པར་འདི་སྒྲོན་པའི་དུས་དེ་ནས། ཁོ་མོ་བོད་ཤར་ཁུལ་དུ་ཡོད་པའི་རྒྱ་ནག་སྲིད་གཞུང་གི་ཁང་བརྩེགས་དང་ཉེ་སར་སོང་ སྟེ། རང་ལུས་རྡོ་སྣུམ་དུ་སྦངས་ནས་མེ་རུ་བསྒྲོན་རྒྱུའི་འཆར་གཞི་འཐེན་ཚར་ཡོད། ཁོ་མོའི་ཆེས་མཐའ་མཇུག་གི་ཐག་གཅོད་དེའི་རྗེས་སུ། སེམས་ཀྱི་སྐྱོ་བ་བརྗོད་པའི་ཡིག་འབྲུ་འགའ་དང་། ‘ བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན ’ ཞེས་ལག་ངོས་སུ་བྲིས་པའི་ཡིག་འབྲུ་དག་ལས་ཅི་ཡང་ལུས་མེད། སྐབས་དེ་དུས་ནས་ཁོ་མོས་རང་ལུས་མེ་རུ་བསྒྲོན་པའི་དུས་དེ་ནི། རང་ཉིད་ཀྱི་ཚེ་སྲོག་ལ་བཞི་ཤད་འགོད་པའི་ཉིན་མོ་ཡིན་པར་ཤེས་ཏེ། ཡིག་ཤུབས་ཤིག་གི་ནང་འདྲ་པར་འདི་དང་མཉམ་དུ་སྙན་ངག་གི་ལམ་ནས་བྲིས་པའི་ཁ་ཆེམས་ ཡི་གེ་ཞིག་བཞག་ཡོད། ཁ་ཆེམས་ཡི་གེ་དེའི་དབུ་རུ་ཁོ་མོས་ ‘གངས་སེང་དཀར་མོའི་གཅེས་ཕྲུག གངས་ཅན་བུ་དང་བུ་མོ།། གངས་རིའི་བུ་རྒོད་རྣམས་པ།། བོད་པ་ཡིན་པ་མ་བརྗེད། །’ ཅེས་འཁོད་ཡོད།
ཁོ་མོ་ནི་བོད་ཀྱི་ན་གཞོན་ཚོས་བོད་རང་བཙན་ཆེད་རང་ལུས་མེ་བསྲེགས་ཀྱིས་རྒྱ་ གཞུང་ལ་ངོ་རྒོལ་བྱེད་མཁན་ཁྲོད་ཀྱི་གཅིག་སྟེ། ཕྱི་ཟླ་༡༡ ནང་རང་ལུས་མེ་ལྕེ་རུ་སྒྲོན་མཁན་གྱི་གྲས་ཤིག་ཡིན། ཕྱི་ལོ་༢༠༡༡ ཟླ་༣ པ་ནས་བོད་མི་༩༠ ལྷག་གིས་རྒྱ་ནག་གིས་བོད་བཙན་བཟུང་དབང་བསྒྱུར་བྱས་པར་རང་ཉིད་མེ་རུ་བསྲེགས་ ཏེ་ངོ་རྒོལ་བྱས་ཡོད། དྲིལ་སྒྲོག་བྱེད་མཁན་དག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་བཅུ་གཅིག་པ་གཅིག་པུའི་ནང་བོད་མི་ཉི་ཤུ་རྩ་ལྔས་རང་ཉིད་མེ་རུ་བསྲེགས་ ཏེ་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་འདུག རང་ལུས་ཞུགས་འབུལ་གྱི་རླབས་རྒྱུན་འདིས་ལོ་ངོ་དྲུག་ཅུའི་རིང་རྒྱ་གཞུང་གི་ བཙན་འཛུལ་འོག་གནས་དགོས་བྱུང་བ་དང་། ཉེ་བའི་ལོ་ཤས་ནང་རང་དབང་ཐད་དོགས་འདྲི་བྱེད་མཁན་ཀུན་ལ་སྲིད་གཞུང་གིས་དྲག་ པོའི་བཙན་གནོན་བྱས་པར་བརྟེན། བོད་རིགས་གཞོན་སྐྱེས་ཚོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བའི་ངང་ཚུལམཚོན་གྱི་ ཡོད། ཡིད་སྐྱོ་ཞིང་སེམས་ལ་གཟན་པའི་འཆི་བདག་གི་ཉེས་ཆད་འདི་མགོར་མ་སླེབས་པའི་གོང་ རོལ་དུ། སངས་རྒྱས་སྒྲོལ་མ་ནི་གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་དགོན་པའི་ཉེ་འདབས་སུ་ ཆགས་པའི་བཙུན་དགོན་ཞིག་ཡོད་པ་དེའི་ནང་གི་བཙུན་མ་ཞིག་ཡིན་ལ། དེར་ཁོ་མོས་སྤྱིར་ནང་བསྟན་ཆོས་ལུགས་ལ་སློབ་གཉེར་ལེགས་པོ་གནང་ཡོད་པ་དང་། དགོས་སུ་ནང་ཆོས་ཀྱི་བསྟན་དོན་ལྟར་མི་འདོད་པའི་རྐྱེན་ཅི་ཞིག་ལ་འཕྲད་ཀྱང་འཚེ་ བ་དང་བྲལ་བའི་སྒོ་ནས་དེར་གདོང་ལེན་བྱ་ཐབས་ཉམས་སུ་ལེན་པར་ཧུར་བརྩོན་བྱས་ཡོད། སོར་སྡོམ་གྱི་རྩ་བའི་བསླབ་བྱའམ་སངས་རྒྱས་ཀྱི་རྗེས་འཇུག་པ་དགེ་འདུན་པ་ཚོའི་ སྲུང་བྱ་གཙོ་བོ་རྩ་བ་བཞི་(སྲོག་གཅོད་པ། མ་བྱིན་ལེན་པ། མི་ཚངས་སྤྱོད་པ། མི་ཆོས་བླ་མའི་རྫུན། ) ཡི་དང་པོར ‘ སྲོག་དང་ལྡན་པ་གཞན་ལ་འཚེ་བའམ་སྲོག་གཅོད་པ་སྤང་བྱ’ ་ཡིན་པར་བསྟན་ཡོད།
ཁོ་མོ་སྐུ་གཤེགས་པ་དེ་ནི་རང་ལུས་མེ་རུ་བསྒྲོན་ཏེ་སྤེལ་བའི་ལས་འགུལ་གྱི་ ངར་ཤུགས་ཆེ་རུ་གཏོང་བའི་ཚོར་བ་ལ་རྟིང་སྐུལ་ནན་པོ་ཞིག་ཡིན་པ་དང་། བོད་ནང་གི་གཞོན་སྐྱེས་ཚོ་སོ་སོའི་ས་གནས་ཀྱི་གནས་སྟངས་དངོས་ཕྱིར་སྒྲོག་བྱེད་ ཐབས་ཅི་དགེ་ལ་འབད་པར་གྲ་སྒྲིག་ཨང་གསར་ཡིན་པའི་རྣམ་པ་མཚོན་གྱི་ཡོད། ཁོ་མོས་ཡུལ་མི་རྣམས་ལ་མོ་རང་དང་མཉམ་དུ་བོད་རང་དབང་འཐབ་རྩོད་བྱ་དགོས་པའི་ འབོད་སྒྲ་བསྒྲགས་ཡོད་ལ། ཁོ་མོས་བྲིས་པའི་དོན་ཚན་དང་པོའི་ནང་དུ ‘ ཕྱིར་ཕེབས་སོང་། བོད་པ་ཚོ་ཡར་ལ་ལྟོས། ། ཡར་གྱི་དགོང་སྔོན་གནམ་ལ་ལྟོས། ། བྲག་དཀར་ཐེམ་པའི་གུར་ཁང་དུ། ང་ཡི་བླ་མ་ཕྱིར་ཕེབས་སོང་། ‘ ཞེས་འཁོད་ཡོད་པ་དང་། ཚན་པ་བཞི་པའི་ནང་དུ་ ‘ བོད་པ་ཚོ་ཡར་ལ་ལྟོས། ། ཡར་གྱི་གངས་རིའི་ལྗོངས་ལ་ལྟོས། ། གངས་ཅན་སྐལ་བ་ཡར་འགྲོ་རེད། ། བོད་པ་རང་དབང་རང་བཙན་རེད། ’ ཅེས་དང་། ཚན་པ་མཐའ་མ་གཉིས་ཀྱི་ནང་དུ་ ‘ རྒྱལ་བ་བསྟན་འཛིན་རྒྱ་མཚོ། ། རྒྱང་རིང་ཡུལ་ན་ཡོད་དུས། ། རྒྱལ་ཁམས་བསྐོར་ནས་ཕེབས་དུས། ། སྡུག་བསྔལ་འོག་གི་གདོང་དམར་བོད་པ། ། མུན་ནག་ཁྲོད་ནས་སེལ་བའི་སྨོན་ལམ། ། པཎ་ཆེན་བླ་མ་བཙོན་དུ་ཡོད་དུས། ། བཙོན་ཁང་ནང་དུ་ཕྱི་ལ་ལྟོས་ནས། ། ང་ཡི་ཁ་བ་གངས་རིའི་ལྗོངས་ལ། ། བདེ་སྐྱིད་ཉི་མ་ཤར་བར་སྨོན། ། ཁ་བ་གངས་རིའི་བདེ་སྡུག་གི་ཆེད་དུ། ’ ཅེས་ ༸རྒྱལ་བ་པཎ་ཆེན་རྣམ་གཉིས་ལ་གདུང་ཡུས་བརྗོད་པའི་གསོལ་འདེབས་བྱས་ཡོད། པཎ་ཆེན་རིན་པོ་ཆེའི་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་ཕྱི་ལོ་༡༩༩༥ ལོར་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་ པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་བྱས་པ་ནས་རྒྱ་གཞུང་གིས་གསང་ཐབས་ཀྱིས་ ཁྲིད་སོང་བས། ད་སྐབས་གར་ཡོད་ཆ་མེད་ཀྱི་གནས་སུ་གྱུར་ཡོད།
ཁོ་མོ་ནི་ཉེ་བའི་བདུན་ཕྲག་ཁ་ཤས་ནང་བོད་མི་ཚོས་བསྟུད་མར་རང་ལུས་ཞུགས་འབུལ་ གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ཁྲོད་ཀྱི་ཨང་དྲུག་པ་དེ་ཡིན་ལ། རྒྱ་གཞུང་གིས་ངོ་རྒོལ་བྱེད་མཁན་བོད་མི་ཚང་མར་དྲག་གནོན་གྱིས་བོད་ཤར་ཁུལ་གྱི་ འབྲེལ་ཡོད་ས་གནས་འགོ་ཁྲིད་ཚོར་རང་བསྲེགས་ཀྱིས་ངོ་རྒོལ་བྱེད་མཁན་ཚོ་དང་། དེ་དག་གི་ཁྱིམ་མི། གཉེན་ཉེ། དེ་བཞིན་ཁྱིམ་མིར་སེམས་གསོ་བྱེད་དུ་ཡོང་མཁན་ཀུན་ལའང་ཉེས་ཆད་གཅོད་དགོས་པའི་ བཀའ་བསྒྲགས་ཡོད། རང་ལུས་མེ་བསྲེགས་ཀྱིས་ངོ་རྒོལ་བྱེད་མཁན་དག་གི་ཁྱིམ་མིར་གཞུང་ངོས་ནས་ཡར་ རྒྱས་ལས་འཆར་ལག་བསྟར་གྱིས་རོགས་སྐྱོར་བྱེད་པ་ཚང་མ་མཚམས་འཇོག་གམ་ཕྱིར་འཐེན་ བྱ་རྒྱུ་ཡིན་སྐོར་བརྗོད་ཡོད། བོད་རང་དབང་ལས་འགུལ་ཚོགས་པས་(Campaign Group Free Tibet) ཁུངས་ལྡན་གནས་ཚུལ་སྤེལ་བ་ལྟར་ན། མི་སྒེར་ངོས་ནས་རང་ལུས་མེ་བསྲེགས་ཀྱིས་ངོ་རྒོལ་བྱས་པའམ་རྣམ་པ་གཞན་གང་རུང་ གིས་ལས་འགུལ་སྤེལ་བར་བསྙད་དེ། བོད་ཀྱི་ས་ཁུལ་ཁ་ཤས་ནང་གྲོང་ཚོ་དང་ཁྱིམ་ཚང་སོགས་ཁྱོན་ཡོངས་ལ་ཚོད་མེད་ བསྔོགས་བཤེར་བྱེད་པ་དང་། གྲོང་ཚོ་ཡར་རྒྱས་གཏོང་བའི་ལས་འཆར་མཚམས་འཇོག་པ། ཡོངས་བསྒྲགས་ཀྱིས་སྐྱོན་བརྗོད་བྱེད་པ་སོགས་ཉེས་ཆད་སྣ་ཚོགས་གཅོད་ཀྱི་ཡོད་ འདུག
ད་དུང་བོད་རང་དབང་ལས་འགུལ་ཚོགས་པས་བརྗོད་པ་ལྟར་ན། རང་ཉིད་མེ་རུ་བསྲེགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྲངས་༩༠ ལྷག་བྱུང་བའི་ནང་ནས་མང་ཆེ་བ་སྐུ་གྲོངས་ཡོད་ནའང་། ཁ་ཤས་སྐུ་གྲོངས་མེད་པ་དང་། སྐུ་གྲོངས་མེད་པ་དེ་དག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ཁྲིད་འགྲོ་བཞིན་ཡོད་ འདུག་ལ། དེ་ལྟར་ཁྲིད་སོང་བ་ནས་བཟུང་ཕྱིར་ཡོང་མེད་པར་འགྱུར་གྱི་ཡོད་འདུག བོད་རང་དབང་ལས་འགུལ་ཚོགས་པའི་འགོ་ཁྲིད་ས་ཊེ་ཧྥ་ནི་བྷ་རི་ཇེ་(Stephanie Bridger, Director of Campaign Group Free Tibet) མཆོག་གིས་ ‘བཙུན་པ་དང་། བཙུན་མ། སློབ་ཕྲུག འབྲོག་པ། རྒན་རབས། ན་གཞོན་བཅས་ལོ་ཚོད་དང་འཚོ་བ་སྐྱེལ་སྟངས་ཅི་རིགས་པའི་བོད་མི་ཚང་མས་རྒྱ་ནག་ གིས་བོད་དབང་བསྒྱུར་བྱེད་པར་དང་ལེན་གཏན་ནས་བྱེད་ཀྱི་མི་འདུག རྒྱ་གཞུང་གིས་ངོ་རྒོལ་བྱེད་མཁན་རྣམས་ཚོད་མེད་དུ་བཙོན་འཇུག་བྱེད་པ་དང་། ཉེས་ཁྲིམས་གཅོད་པ། ཁ་པར་དང་དྲ་རྒྱ་བརྒྱུད་ནས་འབྲེལ་བ་བྱེད་པར་དམ་བསྒྲགས་ཆེ་རུ་གཏོང་བ། ལྐོག་ཟ་རུལ་སུངས་ཚད་ལས་འདས་པ་བྱེད་པ་སོགས་ཀྱིས་གནད་དོན་འདི་ཐག་གཅོད་ཐུབ་ རྒྱུ་ཕར་ཞོག དེ་བོད་མི་ཚོས་རང་དབང་ཆེད་འཐབ་རྩོད་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་གཏོང་བའི་ རྒྱུ་རུ་འགྱུར་གྱིན་ཡོད། བོད་རང་དབང་ལས་འགུལ་ཚོགས་པར་མཚོན་ན། བོད་ནང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་ཕལ་ཆེར་ཉིན་རྟག་ པར་འབྱོར་གྱི་ཡོད། ཇི་སྲིད་ང་ཚོ་ཚང་མ་བོད་མི་མང་གིས་རང་དབང་འཐབ་རྩོད་བྱེད་པའི་རྒྱབ་རྩར་ལངས་པ་ དང་། ཇི་སྲིད་རྒྱལ་ཁབ་ཚང་མའི་སྲིད་གཞུང་གིས་དམངས་གཙོའི་ལམ་ནས་འགོ་ཁྲིད་འདེམས་ བསྐོ་བྱེད་ཀྱི་མེད་པའི་རྒྱ་ནག་གི་སྲིད་ལུགས་ལ་གོང་བཀུར་མ་བྱས་པ་དེ་སྲིད་དུ་ ངོ་རྒོལ་ལས་འགུལ་འདིའི་རྒྱུན་ཆད་མི་སྲིད།’ གསུངས།
འོན་ཀྱང་དེ་ནི་ད་དུང་བོད་ཀྱི་ཆོས་ལུགས་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་ མཆོག་དང་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་མི་རབས་གསར་པའི་སྲིད་དོན་པ་ཚོའི་བཟང་ སྤྱོད་དང་ཡ་མ་བྲལ་བའི་བྱེད་ཐབས་དང་མཐའ་གཅིག་ཏུ་ཐག་གཅོད་དཀའ་བའི་སྲིད་ཇུས་ འཛིན་སྟངས་ལའང་རག་ལས་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཕྱི་ལོ་༡༩༥༩ ལོར་བོད་མི་བརྒྱ་ཕྲག་མང་པོ་དང་ལྷན་དུ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པ་དང་། ཁོང་དང་བོད་མི་མང་པོ་ཞིག་རྒྱ་གར་གྱི་རྒྱལ་ས་དིལླི་གསར་པའི་བྱང་ཕྱོགས་སུ་ རྒྱང་ཐག་སྤྱི་ལེ་༤༠༠ ཙམ་ཡོད་པའི་ཧི་མ་ལ་ཡའི་རི་འདབས་སུ་དྷ་རམ་ཤཱ་ལ་ཞེས་གྲགས་པའི་གྲོང་རྡལ་ཞིག་ ཏུ་གནས་སྡོད་བྱས་ཡོད།
བོད་མི་མང་པོ་ཞིག་གིས་ཚེ་སྲོག་འཆོར་གྱིན་པ་འདིས་ཆོས་ལུགས་དང་འབྲེལ་བའི་འཚེ་ བ་མེད་པ་ཞེས་པའི་བསྟན་དོན་ཐད་དྲི་བ་སླེབས་ཀྱིན་ཡོད་ལ། དགུང་ལོ་མཐོན་པོར་ཕེབས་པའི་༸ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་མཉམ་དུ་འབྲེལ་བ་ ཡོང་རེར་དམིགས་པའི་ཞི་འཇམ་གྱི་ཐབས་ལམ་དང་རང་བཙན་གཙང་མའི་ཆེད་འཐབ་རྩོད་བྱེད་ འདོད་ཡོད་པའི་ལས་འགུལ་བ་ཚོའི་དབར་གྱི་ཁྱད་པར་ལའང་སྣང་ཚུལ་གསར་པ་ཞིག་སྐྱེད་ ཀྱིན་ཡོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)

No comments:
Post a Comment
please write here .....