༄༅།
།ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༨
ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིར་ཆིབས་སྒྱུར་སྐབས་
ཁུལ་དེའི་བོད་མི་སེར་སྐྱ་མང་ཚོགས་བདུན་བརྒྱ་བརྒལ་བར་བཀའ་སློབ་སྩལ་བ་ནས་ཟུར་འདོན་ཞུས།
༄།
།དེ་ནས་ངས་འཕྲོས་བཤད་ཕྲན་བུ་བརྗོད་འདོད་བྱུང། སྔ་ལོ་བསྒྱུར་བཅོས་འདི་
༼སྐུ་དབང་རྩིས་སྤྲོད་༽
གཏོང་སྐབས་དེ་སྔ་བོད་གཞུང་དགའ་ལྡན་ཕོ་བྲང་གི་མིང་ཞིག་འཇགས་ཏེ་ཡོད་པ་རེད།
ཕྱི་ལོ་ ༡༩༥༩ ཟླ་ ༦
པའི་ནང་ང་ཚོ་མ་སུ་རིར་སླེབས་ནས་ལྷིང་འཇགས་པའི་རྗེས་སུ་རྒྱལ་སྤྱིའི་གསར་
འགྱུར་འགོད་མཁན་མང་པོ་ཞིག་ཐུག་པ་དང།
དེ་གོང་དུ་གསར་འགྱུར་འགོད་མཁན་ཚོར་མགྲིན་ཚབ་པ་ (Third Person)
བརྒྱུད་ནས་གསལ་བསྒྲགས་བྱས་པ་ལས་ངོས་ནས་ཁོང་ཚོ་ཐུག་མེད། ༡༩༥༩ ཟླ་ ༦ ཚེས་ ༢༠
ཡིན་པ་ཡོད། མ་སུ་རི་སྦིར་ལ་ཧའུ་སི་ (Birla House)
ང་སྡོད་སའི་མདུན་དེར་ཐང་ཆུང་ཆུང་ཞིག་ཡོད།
དེའི་སྒང་ལ་ངོས་ནས་ཕྱི་རྒྱལ་གྱི་གསར་འགྱུར་འགོད་མཁན་མང་པོ་ཞིག་ཐུག་པ་ཡིན།
དེ་དུས་གསར་འགྱུར་འགོད་མཁན་ཞིག་གི་དྲི་བའི་ནང་བོད་གཞུང་གང་དུ་ཡོད་ཅེས་སྐད་
ཆ་དྲིས་བྱུང།
སྐབས་དེར་ངས་ཏཱ་ལའི་བླ་མ་དང་བཀའ་བློན་ཚོ་གང་དུ་ཡོད་ས་དེར་བོད་མི་ཚོས་བོད་
གཞུང་ངོས་འཛིན་བྱེད་ཀྱི་རེད་ཅེས་བརྗོད་པ་ཡིན།
དེའི་སང་ཉིན་ནམ་གནངས་ཉིན་དེ་འདྲ་ཞིག་ལ་ལྡི་ལི་ནས་རྒྱ་གར་དབུས་རྒྱལ་སྲུང་ལས་ཁུངས་ (Defence Ministry)
ཀྱིས་བོད་གཞུང་ཞེས་པ་ཡོད་པ་མ་རེད་ཅེས་གསལ་བསྒྲགས་བྱས་ཡོད།
དེ་ནི་ངའི་ཉམས་མྱོང་དང་པོ་ཡིན།
ང་ཚོས་བོད་གཞུང་ཞེས་བརྗོད་པ་ཡིན་ན་འདི་ལ་དཀའ་ངལ་ཞིག་ཡོད་པ་ཡིན།
ད་ལྟ་ཡོངས་གྲགས་ཀྱི་བོད་གཞུང་ངོས་ལེན་ཡོད་པ་མ་རེད།
དེ་ནི་བོད་ལ་ཤ་ཚ་མེད་པ་མིན་ཡང། བྱེད་བདེ་པོ་ཡོད་པ་མ་རེད།
རྒྱ་གར་གཞུང་ལ་ཆ་བཞག་ན་ཕྱི་ལོ་ ༡༩༥༤
ལོར་རྒྱ་ནག་གཞུང་དང་ཐད་ཀར་ཡིག་ཆ་བཞག་ཡོད་པ་དེ་འདྲའི་ཐོག་ནས་འགྲོ་སྟངས་ཤིག་
ཆགས་བསྡད་ཡོད་པ་རེད།
མ་གཞི་ང་ཚོ་བོད་པ་རང་གི་ཐོག་ནས་ཀོ་ཐག་ཕྲན་བུ་གློད་ཡོད། ཕྱི་ལོ་ ༡༩༤༧།༡༩༤༨
དེ་འདྲའི་སྐབས་སུ་རྒྱ་གར་རང་བཙན་ཐོབ་ཡོད། ཕྱི་ལོ་ ༡༩༤༩
ལོ་རྒྱ་ནག་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་རེད།
ཕལ་ཆེར་ཕྱི་ལོ་ ༡༩༤༨ ལོར་རྒྱ་གར་གཞུང་གིས་བོད་གཞུང་ལ་ཉེན་བརྡ་ཞིག་བཏང་ཡོད།
དེང་སྐབས་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དེས་བོད་ལ་ཉེན་ཁ་ཡོད་པས།
ཁྱེད་རང་ཚོར་འཆར་གཞི་ག་རེ་ཡོད་ཅེས་བོད་གཞུང་ལ་ཉེན་བརྡ་ཞིག་བཏང་འདུག
དེ་དུས་བོད་གཞུང་བཀའ་ཤག་ནས་ང་ཚོའི་ངོས་ནས་ཉེན་ཁ་གང་ཡང་མཐོང་གི་མི་འདུག་ཅེས་
ལན་སྤྲད་ཡོད་པ་རེད་ཟེར། ཀོ་ཐག་གང་འདྲ་གློད་འདུག་གམ།
ང་ཚོའི་གདན་སའི་མཁན་པོ་རྣམ་པ་དང་དགེ་འདུན་ཚོར་ཚོགས་ལ་མང་ཇ་དང་འགྱེད་ཡག་པོ་
ཞིག་བྱུང་ན་དེ་གས་འགྲིག་གི་ཡོད། འོན་ཀྱང་ནང་ཆོས་སློབ་གཉེར་ཧ་ཅང་ཡག་པོ་ཡོད།
དེ་མིན་ཆབ་སྲིད་ཀྱི་གནས་ཚུལ་དང།
རྒྱ་དཀར་ནག་གིས་ག་རེ་ག་རེ་བྱེད་ཀྱི་ཡོད་པ་དེ་ཚོའི་ཐད་དོ་སྣང་རྩ་བ་ནས་བྱེད་
ཀྱི་མེད་པ་དེ་ནི་ཧ་ཅང་ཞབས་འདྲེན་ཡིན།
རྒྱ་གར་གཞུང་གིས་ཉེན་བརྡ་བཏང་དུས་ང་ཚོ་བོད་པས་ང་ཚོར་ཉེན་ཁ་མཐོང་གི་མི་འདུག་
ཅེས་འགུལ་སྐྱོད་མ་བརྒྱབ་པར་བསྡད་པ་རེད།
རྗེས་སུ་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་དེ་འདྲ་ནས་དེ་དུས་རྒྱ་གར་
གཞུང་གིས་བསམ་བློ་བཏང་ཡོད་ཅེས་ཤོད་ཀྱི་འདུག
གང་ལྟར་ཡང་བོད་གཞུང་ཟེར་བའི་ཚིག་འདི་ལ་གཟབ་གཟབ་མ་བྱས་ན་ཡག་པོ་མི་འདུག
དེ་སྔ་ཕན་ཆད་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བ་འདི་རྒྱ་གར་གཞུང་གིས་ཏཱ་ལའི་བླ་
མ་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང།
རྒྱ་གར་གཞུང་གི་སྐུ་མགྲོན་རྩ་ཆེན་པོ་ཞིག་ཡིན་ཞེས་པ་འདིའི་འོག་ནས་ང་ཚོ་བོད་
པའི་དཔེ་ཞིག་ཡོད་པ། བྱ་ཕྲུག་མའི་སྦོ་འོག་ནས་དྲོད་ཟེར་བ་ལྟར།
ཏཱ་ལའི་བླ་མའི་མིང་འདིའི་འོག་ནས་ང་ཚོའི་དགའ་ལྡན་ཕོ་བྲང་གི་གཞུང་འདི་ཏཱ་ལའི་
བླ་མའི་སྒྲིག་འཛུགས་ (Institution) ཡིན་པ་ ལྟ་བུ་བྱས་ཏེ་འགྲིག་གི་ཡོད།
ད་ཆ་གསལ་པོ་བྱས་ནས་བཤད་ན་ང་དགོངས་པ་ཞུས་ཏེ་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་
འགན་མེད་པར་ཕྱིར་ཐོན་ཀྱང་གཞུང་ཞེས་པའི་མིང་འདི་ལྷག་སྟེ་བསྡད་དུས་གཟབ་གཟབ་མ་
བྱས་ན་རྒྱ་གར་གཞུང་ནང་དོན་ང་ཚོར་ཤ་ཚ་ཡོད་ཀྱང་ཆབ་སྲིད་ཀྱི་འགྲོ་སྟངས་ཀྱི་
ཐོག་ནས་བོད་གཞུང་ཟེར་བ་ཡོད་པ་མ་རེད་ཅེས་རྒྱ་གར་གཞུང་གི་ངོས་ནས་བཤད་དགོས་པ་
ཆགས་ན་ཡག་པོ་མེད། ཤེས་སོང་ངམ།
དེ་གོང་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པ་ཆགས་རྗེས་སྐབས་ཤིག་ལྡི་ལིར་ང་ཚོས་
གསར་འགོད་ལྷན་ཚོགས་ཤིག་ཚོགས་པ་དེའི་ཐོག་རྒྱ་གར་གྱི་གསར་འགྱུར་འགོད་མཁན་ང་
ཚོའི་ངོ་ཤེས་པ་ཞིག་ཡོད། ཁོང་ནི་བོད་པར་རྒྱབ་སྐྱོར་དང། ཤ་ཚ་ཆེན་པོ་ཡོད་པ་དང།
བོད་རང་བཙན་དང་རང་བཙན་ཞེས་ཤོད་མཁན་ཞིག་རེད། ཁོང་གིས་ཟམ་གདོང་རིན་པོ་ཆེར་
(Prime Minister of Exile Government)
བཙན་བྱོལ་གཞུང་གི་སྲིད་བློན་ཞེས་བརྗོད་སོང།
ངས་ལམ་སང་དེ་ལ་གསལ་བཤད་བྱས་ནས་ང་ཚོས་ "པ་རེམ་མི་ནི་སི་ཀྲར་" (Prime
Minister) ཞེས་འབོད་ཀྱི་མེད། ང་ཚོས་ཆབ་སྲིད་ཀྱི་འགོ་ཁྲིད་ (Political
Leader) ཟེར་བ་མ་གཏོགས་ "པ་རེམ་མི་ནི་སི་ཀྲར་"
ཟེར་གྱི་མེད་ཅེས་ངས་གསལ་བཤད་བྱས་པ་ཡིན།
གསལ་བཤད་བྱེད་དགོས་དོན་ནི་བཙན་བྱོལ་གཞུང་ཟེར་བ་འདི་དབྱིན་ཇིའི་ཚིག་ལ་
"གྷ་ཝར་མན་ཌ་" (Government) བརྗོད་དུས་དེ་ནི་མིང་ཚིག་ཟུར་གསལ་ཞིག་རེད།
ང་ཚོ་བོད་པའི་ཡི་གེའི་ནང་ལ་གཞུང་ཟེར་བ་འདི། དགོན་པ་གཞུང་རྐྱང་དང།
བླ་བྲང་གཞུང་རྐྱང། གཟིམ་ཤག་གཞུང་རྐྱང་ཞེས་བརྗོད་ཀྱི་ཡོད།
དཔེར་ན་གཙང་པོ་ལ་ཆ་བཞག་ན་གཙང་པོའི་གཞུང་ཟེར་གྱི་ཡོད།
ང་ཚོའི་བོད་སྐད་ནང་གཞུང་ཟེར་བ་འདི་འཇུག་ཡུལ་རྒྱ་ཆེན་པོ་ཞིག་ཡོད།
དབྱིན་ཇིའི་སྐད་ནང་ "གྷ་ཝར་མན་ཌ་" (Government)
བརྗོད་པ་ཡིན་ན་རྡོག་རྡོག་གཅིག་ཆགས་ཡོད། ཤེས་སོང་ངམ།
དེར་བརྟེན་ང་ཚོས་བོད་གཞུང་ཟེར་བའི་མིང་ཚིག་འདི་ལ་ཏོག་ཙམ་གཟབ་གཟབ་བྱེད་དགོས་
ཀྱི་འདུག་ཅེས་ང་ཚོ་སྐད་ཆ་བྱུང་བ་རེད།
ང་ཚོའི་འདིར་སྒྲིག་འཛུགས་ཤིིག་ཡོད་པ་རེད།
དེ་ནི་བཙན་བྱོལ་བའི་སྡེ་ཚོགས་ཤིག་ཡོད་པ་འདི་ལ་ལྟ་རྟོག་བྱེད་མཁན་གྱི་སྒྲིག་
འཛུགས་ཤིག་དགོས་པ་རེད། སྒྲིག་འཛུགས་འདིའི་འགོ་ཁྲིད་མཁན་ཆགས་ཡོད།
བཀའ་བློན་ཁྲི་པ་འོས་འདེམས་ཟིན་རྗེས་ངས་གཞུང་འབྲེལ་གྱི་དབང་ཆ་རྩིས་འབུལ་
བྱེད་པའི་སྐབས་སྲིད་སྐྱོང་ཟེར་བའི་མིང་ཚིག་འདི་བེད་སྤྱོད་བྱས་པ་ཡིན།
ང་རང་ལོ་བཅུ་དྲུག་སྐབས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་
སྲིད་ཀྱི་དབང་ཆ་རྩིས་ལེན་ཞུས་པ་ཡིན།
ད་ཆ་ལོ་དྲུག་ཅུ་ཕྱིན་པའི་རྗེས་ལ་མང་གཙོའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་
བློ་བཟང་སེངྒེ་ལགས་སྲིད་སྐྱོང་གསར་པ་ཆགས་ཡོད།
མང་གཙོ་མཚན་ཉིད་ཚང་བའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་འགོ་ཁྲིད་སྲིད་
སྐྱོང་ལ་དབང་ཆ་རྩིས་འབུལ་ཞུ་བ་འདི་དངོས་གནས་རིང་ནས་སྙིང་དུ་བརྣག་པའི་འདོད་
པའི་དོན་ཟེར་བའི་དོན་དག་གཅིག་འདི་ཆགས་ཡོད།
ད་ཧ་ཅང་ཡག་པོ་བྱུང་ཞེས་བརྗོད་རྒྱུ་བྱུང།
དེ་འདྲ་ཡིན་དུས་སྲིད་སྐྱོང་ཞེས་བརྗོད་ན་ "པོ་ལི་ཀྲི་ཀལ་ལི་ཌར་" (Political
Leader) དང་ང་ཚོས་སྲིད་སྐྱོང་ཞེས་བརྗོད་པ་གཉིས་ཏག་ཏག་འགྲོ་གི་འདུག (Prime
Minister) བརྗོད་ན་ཚིག་འདི་ཧར་པོ་ཞིག་འདུག
དེར་བརྟེན་ང་ཚོས་བོད་གཞུང་ཟེར་བའི་མིང་ཚིག་འདི་ལ་ཏོག་ཙམ་གཟབ་གཟབ་བྱེད་དགོས་
ཀྱི་འདུག་ཅེས་ང་ཚོ་སྐད་ཆ་བྱུང་བ་རེད།
སྐད་ཆ་འདི་བྱུང་བའི་སྐབས་ལ་ང་ཚོའི་བོད་རིགས་ནང་ནས་ཞེན་ཁོག་དང་ཤ་ཚ་ཡིན་ཀྱང་
ཁ་ཤས་ཤིག་གིས་ད་བོད་གཞུང་བསྡུ་གསོག་བརྒྱབ་སོང།
འགྲིག་གི་མི་འདུག་ཅེས་སྐད་རྒྱག་མཁན་བྱུང་བ་དེ་ལ་ང་རང་ཏོག་ཙམ་བློ་ཕམ་བྱུང།
ངས་ལོ་བཅུ་དྲུག་ནས་བོད་གཞུང་གི་འགན་འཁྱེར་བ་ཡིན།
ལོ་བཅུ་དྲུག་ནས་ད་ཆ་ལོ་བདུན་ཅུ་དོན་དྲུག་ལ་སླེབས་པའི་བར་ངས་འགན་འཁྱེར་བ་
ཡིན།
མི་ལྟ་བུར་མཚོན་ན་ཕྲུ་གུ་ཆུང་ཆུང་གཡས་འཁྱོར་གཡོན་འཁྱོར་བྱེད་མཁན་ཞིག་མགོ་
འདོན་འཚོ་སྐྱོང་བྱས་པ་ཡིན།
དེ་འདྲ་བྱེད་མཁན་གྱི་མི་གཅིག་ལ་ད་ཆ་བོད་གཞུང་བསྡུ་གསོག་བརྒྱབ་སོང་བརྗོད་ན་
ལ་དག་གི་རེད་དམ།
ལོ་དྲུག་ཅུའི་རིང་ངས་ཕར་གཡས་སྐྱོར་གཡོན་སྐྱོར་གྱི་ལྟ་རྟོག་བྱས་པ་དེ་ཇི་ལྟར་
བྱས་ཏེ་བསྡུ་གསོག་རྒྱག་གི་རེད་དམ།
དེ་ཙམ་ཡང་བསམ་བློ་མ་འཁོར་བར་བོད་གཞུང་བསྡུ་གསོག་བརྒྱབ་སོང་ཞེས་སྐད་ཅོར་
རྒྱག་དུས་དེ་ནི་ང་ལ་ཡིད་ཆེས་མེད་པའི་རྟགས་རེད་བསམ་པ་དྲན་བྱུང།
ཚུར་ཡིད་ཆེས་མེད་ན་དེ་ལ་བྱེད་རྒྱུ་གང་ཡང་མི་འདུག
ཡིད་ཆེས་ཡོད་ན་ལོ་བཅུ་དྲུག་ནས་འགན་འཁྱེར་མཁན་གྱི་༸རྒྱལ་བ་རིན་པོ་ཆེས་བོད་
གཞུང་བསྡུ་གསོག་རྒྱག་གི་མ་རེད། དེ་ལ་དགོས་པ་རྒྱུ་མཚན་ཞིག་ཡོད་
ཀྱི་རེད་བསམ་དྲན་དགོས་པ་ཡིན། ཤེས་སོང་ངམ།
འདི་སྐོར་བཤད་འདོད་བྱུང་བ་ལྟར་ཁྱེད་ཚོར་བཤད་པ་ཡིན།
ང་རང་བར་ལམ་ཕྱི་རྒྱལ་ཁག་ལ་ཕྱིན་པ་དེ་སྐབས་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་
ཁག་ཐུག་གི་ཡོད།
མི་སྣ་དེ་ཚོས་རྒྱལ་བ་རིན་པོ་ཆེ་ཐུག་པ་མ་གཏོགས་ད་ལྟའི་བཀའ་བློན་ཁྲི་པ་དང་དེ་
འདྲའི་མི་སྣ་ཐུག་ན་འགྲིག་གི་མི་འདུག་ཅེས་མང་པོས་བཤད་ཀྱི་འདུག
རྒྱ་གར་གཞུང་གིས་ཀྱང་ད་ག་རང་བཤད་ཀྱི་འདུག དབྱིན་ཇིའི་སྐད་བྱས་ན་
"སེན་སི་ཊིབ་" (Sensitive)
ཡིད་གཟབ་བྱེད་དགོས་པའི་གནད་དོན་ཡོད་པ་ཤེས་དགོས་པ་ཡིན།
དེ་ལུགས་ཀྱི་ང་ཚོས་ཕར་ཕྱོགས་ནས་ "ནོ་" (No)
ཟེར་བའི་ཚིག་སྡུག་པ་འདི་མ་ཐོན་པའི་ཐབས་མཁས་པོ་བྱས་ན་ཡག་གི་རེད། ཤེས་སོང་ངམ།
བར་སྐབས་གནས་ཚུལ་འདི་འདྲ་བྱུང་བ་ཁྱེད་རང་ཚོར་བཤད་འདོད་བྱུང་བ་ལྟར་བཤད་པ་
ཡིན། ང་རང་ཚོའི་སྤྱི་ཚོགས་ནང་གཏམ་བརྗོད་རང་དབང་ཡིན། གང་ཡང་བཤད་ཆོག་ལ།
བཤད་དགོས་པའང་རེད།
ཡིན་ནའང་དངོས་ཡོད་གནས་ཚུལ་ཆ་ཚང་རྟོགས་ནས་བཤད་དགོས་པ་ལས་མགོ་མ་ཚོས་པའི་སྐད་
ཆ་དཀྲོག་གཏམ་དང། སྲང་ལམ་བར་གྱི་སྐད་ཆ་ལྟ་བུ་བཤད་ན་ཡག་པོ་མི་འདུག
ཤེས་སོང་ངམ། གཟབ་གཟབ་བྱེད་དགོས། ཞེས་བཀའ་སྩལ།།༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་༸གོང་ས་མཆོག་གིས་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ཐང་ཆེན་དུ་ལས་བསྡོམས་ཚོགས་ ཆེན་ཐོག་སེར་སྐྱ་མི་མང་དང་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༧༠༠༠ བརྒལ་བར་བཀའ་སློབ་སྩལ་བ་ནས་ཟུར་འདོན་ཞུས།
༄།
།བར་སྐབས་ང་ཚོའི་གནས་ཚུལ་འགྱུར་བ་གཅིག་ལ་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་ཏཱ་
ལའི་བླ་མའི་བླ་བྲང་གིས་བོད་ཀྱི་སྲིད་དབང་འཛིན་པ་ཞིག་༸གོང་ས་ལྔ་པ་ཆེན་པོའི་
སྐབས་ནས་བྱུང་སྟེ་ད་བར་ལོ་བཞི་བརྒྱ་མ་ཟིན་ཙམ་སོང་ཡོད།
གང་ལྟར་དེ་ལ་སྔ་ཕྱི་མ་གཏོགས་འགྱུར་བ་འགྲོ་དགོས་པ་བརྒྱ་ཆ་བརྒྱ་ཐམ་པ་གཏན་
འཁེལ་ཡིན།
སྔ་མོ་ངོས་བོད་ལ་ཡོད་སྐབས་ཕལ་ཆེར་ལོ་བཅུ་གསུམ་བཅུ་བཞིའི་དུས་ནས་དོ་སྣང་
བྱུང་བར། སྲིད་སྐྱོང་དང་། དེའི་འོག་གི་བཀའ་ཤག་དང་། དྲུང་ཡིག་ཆེན་མོ།
རྩིས་དཔོན་བཅས་དབང་ཆ་ཚང་མ་ཁོང་ཚོའི་ལག་ཏུ་ཡོད་སྟབས།
སྐབས་རེ་ཉེ་དགའ་ཕྱོགས་ལྷུང་བྱས་ཏེ་ཉམ་ཆུང་ཚོ་སྐྱབས་མེད་མགོན་མེད་ལ་ལུས་པའི་
མཐོང་ཚུལ་ཡོང་གི་ཡོད།
ངོས་ལ་གསར་འགྱུར་ཤོད་མཁན་ནི་གྲོང་གསེབ་ནས་ཡོང་བའི་གད་པ་དང་དམག་མི་རྙིང་པ་
ཚོ་རེད།
ཁོང་ཚོར་རེ་དོགས་མེད་སྟབས་སྤྱི་ཚོགས་ནང་སྐད་ཆ་ག་རེ་འདུག་ཅེས་འདྲི་སྐབས།
ཁོང་ཚོས་རྒྱལ་པོས་དྲང་པོ་བྱེད་ཀྱི་མི་འདུག
བླ་མ་འདི་ཞེས་བྱ་བས་ཡག་པོ་བྱེད་ཀྱི་མི་འདུག
བཀའ་བློན་དང་དེས་ཡག་པོ་བྱེད་ཀྱི་མི་འདུག་ཅེས་རང་གིས་གང་ཤེས་པ་ཤོད་ཀྱི་ཡོད།
གཞུང་ཞབས་རིགས་ལ་སྐད་ཆ་དྲིས་ན་འདྲ་ཆགས་པོ་ཤོད་པ་ལས་དྲང་པོ་ཤོད་ཀྱི་མ་རེད།
ཁོང་ཚོ་ཞེད་ཀྱི་ཡོད་པ་རེད། ངོས་ཀྱི་གསར་འགྱུར་ཡོང་ས་གད་པ་དེ་ཚོའི་གྲས་ཡིན།
ཁོང་ཚོ་དང་མཉམ་དུ་ཇ་འཐུང་། རྩེད་མོ་རྩེས།
སློབ་སྦྱོང་གི་བར་གསེང་ལ་དེ་ལྟར་བྱས་ནས་སྡོད་ཀྱི་ཡོད།
གང་ལྟར་ང་ཚོའི་སྒྲིག་འཛུགས་འགྲོ་སྟངས་ཀྱི་དབང་ཆ་ཚང་མ་མི་རེ་ཟུང་ལ་ཡོད་པ་
དེར་སྐྱོན་ཡོད།
ང་རང་ལོ་བཅུ་དྲུག་ལ་སླེབས་དུས་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་འཁྱེར་བ་དང།
ཕྱི་ལོ་༡༩༥༤ ལོར་ལེགས་བཅོས་སྤྱི་ཚོགས་བཙུགས་པ་ཡིན།
ལེགས་བཅོས་ཞེས་པའི་མིང་དེ་ནས་སྤྱི་ཚོགས་བསྒྱུར་བཅོས་གཏོང་ཆེད་བཙུགས་པ་ཞིག་
རེད།
དེའི་འགན་རྐང་ང་ཕོད་ཀྱིས་ཁྱེར་ཏེ་ལེགས་བཅོས་སྤྱི་ཚོགས་བཙུགས་པ་དེ་ནས་རྟ་ཁལ་
འུ་ལག་གི་ཁྲལ་དང་།
བུ་ལོན་སྤྲོད་འཇལ་སོགས་འགྲོ་སྟངས་མང་པོ་ཞིག་བསྒྱུར་བཅོས་གཏོང་འགོ་བཙུགས་
ཡོད། འོན་ཀྱང་འདོད་པ་ཁེངས་པ་ཞིག་ཡོང་ཐུབ་ཀྱི་མི་འདུག
རིམ་པས་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་ལ་བསྒྱུར་བཅོས་གཏོང་རྒྱུའི་བསམ་ཚུལ་
ཡོད་ཀྱང་ལག་ལེན་འཁྱོལ་ཐུབ་པ་བྱུང་མེད།
གང་ལགས་ཤེ་ན་སྐབས་དེར་ལྷ་སར་ཡོད་པའི་གུང་ཁྲན་ཏང་གི་ལས་ཁུངས་ཀྱིས་བོད་གཞུང་
གིས་བཅོས་བསྒྱུར་བཏང་ན་དེ་ནི་བོད་པར་རན་པའི་བཅོས་བསྒྱུར་གཏོང་གི་རེད།
དེ་ལྟར་བཏང་ན་རྒྱ་མི་གུང་ཁྲན་གྱིས་བོད་ལ་རྒྱ་ནག་ནང་གི་བཅོས་བསྒྱུར་ལྟར་
གཏོང་རྒྱུར་འགལ་རྐྱེན་ཆགས་ཀྱི་ཡོད། བོད་མི་ཚོས་ང་ཚོ་བཅོས་བསྒྱུར་བཏང་ཚར།
ཁྱེད་ཚོ་གུང་ཁྲན་གྱི་བཅོས་བསྒྱུར་དགོས་དོན་མི་འདུག་ཟེར་བའི་མཚམས་ལ་སླེབས་
རྒྱུར་བརྟེན་རྒྱ་ཕྱོགས་ནས་དངོས་ཤུགས་ཀྱིས་དགག་པ་རྒྱག་གི་ཡོད།
དེར་བརྟེན་ང་ཚོའི་འཆར་གཞི་ལག་ལེན་འཁེལ་ཐུབ་མེད། ཕྱི་ལོ་༡༩༥༤
ལོར་ངོས་རྒྱ་ནག་ལ་བསྐྱོད་པ་དང། ཕྱི་ལོ་༡༩༥༦
ལོར་ངོས་རྒྱ་གར་དུ་སངས་རྒྱས་མྱང་འདས་ཀྱི་དུས་དྲན་ལ་ཡོང་སྐབས་བོད་ནང་ཟང་ཟིང་
འགོ་ཚུགས་ཡོད་པ་རེད། ཕྱི་ལོ་ ༡༩༥༥
ལོའི་ལོ་འགོ་ནས་ཁམས་ལི་ཐང་སོགས་ནས་ངོ་རྒོལ་བྱེད་འགོ་ཚུགས་པ་དང་།
ཕྱི་ལོ་༡༩༥༧ ནས་ ༡༩༥༨ ལོ་ཨ་མདོ་ཁུལ་ལ་ངོ་རྒོལ་བྱེད་འགོ་ཚུགས་པ།
དེ་རྗེས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནས་ངོ་རྒོལ་བྱེད་འགོ་ཚུགས་ཏེ་ཐ་མ་
ཕྱི་ལོ་ ༡༩༥༩ ལོའི་གནས་ཚུལ་འདི་བྱུང་བ་རེད། ཕྱི་ལོ་ ༡༩༥༦
ལོར་ངོས་ཀྱིས་གྱོད་ཞིབ་ལས་ཁུངས་ཟེར་བ་ཟུར་དུ་བཙུགས་པ་ཡིན།
དེ་འཛུགས་དགོས་དོན་ཡུལ་ལུང་གཞན་ལ་ཁྲིམས་ཀྱི་སྡེ་ཚན་ཟུར་དུ་ཡོང་གི་ཡོད་པ་
ལྟར། གྱོད་ཁ་མཆུ་ཞུ་གཏུགས་བྱེད་ཡུལ་བཀའ་ཤག་དང་།
རྩེ་ཡིག་ཚང་ལས་ཁུངས་མིན་པར་ལས་ཁུངས་ཟུར་གསལ་ཞིག་བཙུགས་ཏེ་དེ་ནས་ཐག་གཅོད་
བྱེད་རྒྱུ་དང་། དེའི་འགོ་ཁྲིད་ཀྱང་གཡུ་ཐོག་བསྐོས་པ་ཡིན།
གཡུ་ཐོག་ནི་སྤྱི་ཚོགས་ནང་མི་དྲང་ཚུགས་ལྡན་པ་ཞིག་ཏུ་བརྩི་གི་ཡོད།
གཡུ་ཐོག་གྱོད་ཞིབ་ཀྱི་འགོ་ཁྲིད་ལ་བསྐོས་པ་ལྟར།
ཁོང་གིས་ཧ་ཅང་ཡག་པོ་བྱས་ཡོད།
ཉིན་གཅིག་གྱོད་གཏུགས་བྱེད་མཁན་ཞིག་གིས་གཡུ་ཐོག་གི་གཟིམ་ཤག་ལ་བཅར་ཏེ་ལྐོག་
རྔན་གྱི་འབུལ་ཚན་ཕུལ་བ་རེད། ཁོང་གིས་འབུལ་བ་འདིར་ཞོག
ཁྱེད་རང་སང་ཉིན་ལས་ཁུངས་ལ་ཤོག་ཅེས་གསུངས་ཡོད།
སང་ཉིན་གཡུ་ཐོག་གིས་འབུལ་བ་དེ་དག་ལས་ཁུངས་ལ་འཁྱེར་ནས་ལས་ཁུངས་ཚུགས་པ་དང་མི་
དེ་ཡར་སྐད་བཏང་ནས།
ཁ་སང་ཁྱེད་རང་གིས་ང་ལ་གྱོད་དོན་སྐོར་ལྐོག་རྔན་འདི་སྤྲོད་དུ་ཡོང་བ་ངས་འདི་
རྩ་བ་ནས་ལེན་གྱི་མ་རེད།
གྱོད་གཞི་ཞིབ་འཇུག་གིས་བདེན་རྫུན་རྣམ་དབྱེ་ཕྱེ་སྟེ་ཐག་གཅོད་བྱེད་རྒྱུ་ལས་
འབུལ་ཚན་ལ་བལྟས་ནས་ཐག་གཅོད་བྱེད་ཀྱི་མ་རེད།
ཁྱོད་རང་གི་དངོས་འདི་མར་འཁྱེར་རྒྱུགས་ཞེས་བཤད་དེ།
མི་དེ་ངོ་ཧ་ཅང་ཚ་བོ་བྱུང་ཡོད། གྱོད་ཞིབ་ལས་ཁུངས་གསར་དུ་བཙུགས་པ་དང།
འགོ་ཁྲིད་གཡུ་ཐོག་དྲང་པོ་དང་
ཕྱི་གསལ་ནང་གསལ་ཧ་ཅང་ཡག་པོ་འདུག་ཅེས་མི་མང་པོས་དགའ་པོ་བྱས་ཡོད།
དེ་རྗེས་ཕྱི་ལོ་ ༡༩༥༩ ལོའི་གནས་ཚུལ་འདི་བྱུང་བ་དང། ལོ་དེའི་ཟླ་ ༤
པའི་ནང་ང་ཚོ་རྒྱ་གར་ལ་སླེབས་པ་རེད། ཕལ་ཆེར་ཕྱི་ལོ་ ༡༩༦༠
ལོའི་ལོ་མགོ་ཡིན་པ་ཡོད།
རྡོ་རྗེ་གདན་དུ་གདན་ས་ཁག་གི་མཁན་པོ་ལས་སྣེ་རྣམ་པ་དང་། གཞུང་ཞབས་ཚོ།
ཆོལ་ཁ་གསུམ་གྱི་མི་མང་པོ་ཞིག་བཅས་འཛོམས་ཏེ་ཚོགས་འདུ་འཚོགས་པ་དེའི་ཐོག་ནས་
སྤྱི་འཐུས་བསྐོ་རྒྱུའི་འགོ་ཚུགས་ཡོད།
མ་གཞི་ལས་ཁུངས་ཀྱི་འགྲོ་སྟངས་གསར་པ་དེ་རིགས་ཕྱི་ལོ་ ༡༩༥༩
ལོར་མ་སུ་རིར་སླེབས་པ་དང་བཟོ་བཅོས་བྱས་པ་ཡིན། དེ་སྔའི་བཀའ་ཤག་དང། རྩིས་ཁང་།
ཡིག་ཚང་གི་ལས་འགན་དེ་དག་ལས་བགོས་བརྒྱབ་སྟེ་ཤེས་རིག་ལས་ཁུངས་དང།
ནང་སྲིད་ལས་ཁུངས། ཆོས་དོན་ལས་ཁུངས་བཅས་བཟོས་པ་དང།
བཀའ་བློན་ཁ་ཤས་ཡོད་པ་དེ་དག་ཀྱང་ལས་བགོས་བརྒྱབ་པ་ཡིན།
སྤྱི་འཐུས་འདེམས་བསྐོ་བྱས་པ་དེ་དག་ཀྱང་གོང་གསལ་ལས་ཁུངས་ནང་མཉམ་ཞུགས་བྱེད་
རྒྱུ་བཟོས་ཡོད།
དེ་ལྟར་བྱས་ཏེ་ང་ཚོས་མང་གཙོའི་ལམ་ལ་འགྲོ་རྒྱུའི་འགོ་བཙུགས་པ་རེད། དེ་ནས་
༡༩༦༣
ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་ས་བོན་ཞིག་ཁྱབ་བསྒྲགས་བྱས་པ་དེའི་ནང་ཏཱ་
ལའི་བླ་མའི་དབང་ཆ་གྲོས་ཚོགས་མང་མོས་ཀྱི་ཐོག་ནས་གལ་ཏེ་དགོས་གལ་བྱུང་ན།
ཏཱ་ལའི་བླ་མའི་དབང་ཆ་བསྒྱུར་བཅོས་གཏོང་རྒྱུའི་ཐོབ་ཐང་ཡོད་པའི་དོན་ཚན་ཞིག་
བཀོད་ཡོད།
སྐབས་དེར་མི་མང་པོ་ཞིག་གིས་དེ་འགྲིག་གི་མི་འདུག་ཅེས་བསམ་ཚུལ་བཏོན་ཡོད།
གང་ལྟར་མང་གཙོའི་འགྱུར་བ་གཏོང་རྒྱུའི་འགོ་བོད་ནས་བཙུགས་པ་དང།
རྒྱ་གར་ལ་སླེབས་ནས་དེའི་མཇུག་མུ་མཐུད་དེ་ལས་ཀ་འགོ་བཙུགས་པ་ཡིན།
འདས་པའི་ལོ་བཅུ་གཅིག་གི་གོང་ལ་བཀའ་བློན་ཁྲི་པ་ངོས་ཀྱིས་བསྐོ་མི་དགོས་པར་མི་ མང་འོས་བསྡུ་བྱས་ཏེ་བསྐོ་རྒྱུའི་གཏན་འབེབས་བྱས་པ་ཡིན། སྐབས་དེར་ཁ་ཤས་ཀྱིས་དེ་གང་འདྲ་བྱས་ཡོང་བསམས་ནས་དོགས་པ་བྱེད་ཀྱི་འདུག་ཀྱང་ གང་ཡང་བྱེད་ཀྱི་མ་རེད་ཅེས་བརྗོད་པ་ཡིན། འོས་བསྡུ་བྱས་ནས་བསྐོས་པའི་བཀའ་བློན་ཁྲི་པ་དང་པོ་དེ་ཟམ་གདོང་རིན་པོ་ཆེས་ གནང་བ་དང། ཁོང་གིས་ལོ་ལྔ་ཚན་གཉིས་འོས་བསྡུའི་ལམ་ནས་བཀའ་བློན་ཁྲི་པ་གནང་བ་རེད། དེའི་སྐབས་ངོས་ཀྱི་གནས་སྟངས་ནི་ཕྱེད་རྒས་ཡོལ་ཡིན་ཞེས་བཤད་ཡོད། དོན་དག་གལ་ཆེ་བ་ཚང་མ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་ཐག་གཅོད་གནང་བ་ལས་ ངོས་ཀྱིས་ཐག་གཅོད་བྱེད་ཀྱི་མེད། བསམ་འཆར་ནི་ཤོད་ཀྱི་ཡོད། དེ་ལྟར་བྱས་ཏེ་ངོས་རང་ཕྱེད་རྒས་ཡོལ་ཐོག་བསྡད་པ་རེད།
དེ་ནས་ལོ་བཅུ་ཕྱིན་ཏེ་སྔ་ལོའི་གནས་ཚུལ་ལ་ལྟ་སྐབས་མི་མང་གི་ངོས་ནས་དངོས་གནས་ འགོ་ཁྲིད་འོས་འདེམས་བྱ་རྒྱུར་དོ་སྣང་དང་འོས་ཤོག་བླུག་རྒྱུར་ཚང་མས་དོ་སྣང་ ཆེན་པོ་བྱེད་ཀྱི་འདུག ཐ་མ་འོས་མི་གསུམ་སླེབས་པའི་ནང་རྒན་པ་གཉིས་དང་མི་རབས་གསར་པའི་ན་གཞོན་གཅིག་ བཅས་སླེབས་པ་ཧ་ཅང་འོས་པོ་དང་ཡག་པོ་མཐོང་བྱུང། བློ་བཟང་སེང་གེ་ལགས་རྒྱ་གར་ནང་སྐྱེས་ནས་འཚར་ལོངས་བྱུང་བ་དང། དེང་དུས་ཤེས་ཡོན་གྱི་རྨང་གཞིའི་སློབ་སྦྱོང་རྒྱ་གར་ནང་ཐོག་མར་བོད་གཞུང་སློབ་ གྲྭ་དང། དེ་ནས་ལྡི་ལིར་སློབ་སྦྱོང་བྱས་པ། དེ་རྗེས་ཨ་རིར་འཛམ་གླིང་ནང་སྐད་གྲགས་ཡོད་པའི་ཧ་ཝར་ཌི་གཙུག་ལག་སློབ་གྲྭར་ ཁྲིམས་ཀྱི་སློབ་སྦྱོང་བྱས་རྗེས་ལོ་མང་རིང་དེར་ལས་ཀ་བྱས་ཏེ་བསྡད་པ་བཅས་དེང་ དུས་ཀྱི་ཤེས་ཡོན་རྩེར་སོན་པ་ཞེས་བརྗོད་ཐུབ། ཁོང་མིང་ཐོའི་ནང་སླེབས་འདུག ཁོང་ཚོ་གསུམ་སུ་སླེབས་པ་ཡིན་ནའང་ཧ་ཅང་འོས་པོ་འདུག་སྙམ་པ་དང། ཐ་མ་བློ་བཟང་སེང་གེར་འོས་མང་ཤོས་ཐོབ་པ་ཧ་ཅང་འོས་པོ་འདུག་སྙམ་བྱུང། ངོས་རང་ཕྱེད་རྒས་ཡོལ་ནས་རྒས་ཡོལ་ཆ་ཚང་བྱ་རྒྱུ་དང། ངོས་ཀྱི་རྒས་ཡོལ་དེ་ཡང་ངོས་སྒེར་གྱི་གནས་ཚུལ་གཅིག་པུ་མིན་པར་༸གོང་ས་ལྔ་པ་ ཆེན་པོའི་སྐབས་ནས་བཟུང་དགའ་ལྡན་ཕོ་བྲང་གཞུང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ བྱེད་པ་འདི་མཚམས་བཞག་སྟེ་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་ཆབ་སྲིད་ཀྱི་འགན་ འཁྱེར་བ་འདི་མེད་པ་བྱས་ཏེ། དགའ་ལྡན་ཕོ་བྲང་དེ་སྔ་༸རྒྱལ་དབང་སྐུ་ཕྲེང་གཉིས་པ་གསུམ་པ་བཞི་པ་དེ་དག་གི་ སྐབས་སུ་འབྲས་སྤུངས་དགའ་ལྡན་ཕོ་བྲང་ཞེས་པའི་བླ་བྲང་ཞིག་ཡོད་པ་ལས་ཆབ་སྲིད་ དང་འབྲེལ་བ་གང་ཡང་མེད། སྔར་གྱི་༸རྒྱལ་བ་སྐུ་ཕྲེང་གི་ནང་ནས་དང་པོ་དགེ་འདུན་གྲུབ་པ་བཀྲ་ཤིས་ལྷུན་པོ་ དང། དགེ་འདུན་རྒྱ་མཚོ་ནས་བཟུང་སྐུ་ཕྲེང་གསུམ་དེ་འབྲས་སྤུངས་ནས་ཡིན། ༸གོང་ས་ལྔ་པ་ཆེན་པོ་ཡང་ཐོག་མར་འབྲས་སྤུངས་ཀྱི་བླ་མ་བྱས་ཏེ་བཞུགས་ཡོད། དེར་བརྟེན་༸རྒྱལ་བ་རིན་པོ་ཆེས་དགའ་ལྡན་ཕོ་བྲང་གཞུང་གི་ཆབ་སྲིད་ཀྱི་འགན་ འཁྱེར་རྒྱུ་མཚམས་འཇོག་བྱས་ཏེ་ལོ་བཞི་བརྒྱ་མ་ཟིན་ཙམ་གྱི་ལོ་རྒྱུས་ཡོད་པའི་ སྒྲིག་འཛུགས་དེ་དགའ་བཞིན་སྤྲོ་བཞིན་དང་དུ་བླང་བའི་ཐོག་ནས་གཟི་བརྗིད་ངང་ མཚམས་བཞག་པ་ཡིན། སྐབས་དེར་སྤྱི་འཐུས་ཀྱི་ནང་ནས་དེ་ལྟར་བྱེད་རྒྱུ་མི་འདུག་ཅེས་བསམ་འཆར་དང་རེ་ འདུན་འདོན་མཁན་བྱུང་ཡང་དེ་ནི་ངོས་ཀྱིས་ཐག་གཅོད་བྱས་ཟིན་པ་ཞིག་ཡིན། སྔ་ཕྱི་མ་གཏོགས་འགྱུར་བ་གཏོང་དགོས་པ་རེད།
འཛམ་གླིང་སྤྱི་དང་མཐུན་པའི་མང་གཙོ་ཡང་དག་པ་ཞིག་བྱེད་དགོས་ཤིང། ཕར་ཕྱོགས་རྒྱ་ནག་ལ་གདོང་ལེན་བྱེད་རྒྱུར་ཆ་བཞག་ན། ང་ཚོས་ལུགས་སྲོལ་རྙིང་པ་ཕར་བཞག་སྟེ་དེང་དུས་དང་མཐུན་པའི་མང་གཙོའི་ལམ་ལུགས་ ཀྱི་ཐོག་འགྲོ་གི་ཡོད་ཅེས་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་བསྟན་ཐུབ་པ་ཞིག་བྱུང་ན། འཛམ་གླིང་གི་ཕྱོགས་གང་ནས་བལྟས་ཀྱང་ང་ཚོར་བདེན་པ་ཡོད་པ་མཐོང་སྟེ་རྒྱབ་སྐྱོར་ མང་དུ་འགྲོ་བ་སོགས་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་བསམ་བློ་བཏང་སྟེ་ངོས་ཀྱིས་ ཐ་མའི་ཐག་གཅོད་འདི་བྱས་པ་ཡིན། གསལ་བཤད་བྱེད་དགོས་པ་ཞིག་ལ། ངོས་ཀྱིས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་དབང་ཆ་འཛིན་རྒྱུ་མཚམས་འཇོག་བྱས་པ་ འདི་བོད་སྤྱི་པའི་དོན་དག་ཐད་སེམས་ཤུགས་ཆག་པའམ། ཡང་ན་བོད་ཀྱི་སྤྱི་དོན་ལ་རེ་བ་མེད་པ་ལྟ་བུའི་ཐོག་ནས་མཚམས་འཇོག་བྱས་པ་ཞིག་ རྩ་བ་ནས་མིན། དགོས་པ་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་༸རྒྱལ་དབང་གི་ཆབ་སྲིད་ཀྱི་འགན་དབང་ འཛིན་བྱེད་རྒྱུ་མཚམས་འཇོག་བྱས་པ་ཡིན། གནས་ཚུལ་འདི་གཅིག་ཤོད་འདོད་བྱུང།
དེ་ནས་ཞོར་འཕྲོས་ཤོད་འདོད་པ་ཞིག་ལ། སྐབས་དེར་ང་ཚོའི་བོད་རིགས་ཀྱི་ནང་ནས་གཞོན་ནུ་ཚོགས་པ་དང་། མི་སྒེར་ཁ་ཤས་ཀྱིས་ད་ཆ་བོད་གཞུང་ཕྱིར་བསྡུ་བྱས་ཏེ་བོད་གཞུང་མེད་པ་ཆགས་པ་ རེད་ཅེས་ཧ་ཅང་སྐད་ལོག་བརྒྱབ་ཡོད། སྐབས་དེར་ངོས་ཀྱིས་གསལ་བཤད་བྱས་པ་ཡིན། ང་ཚོའི་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པ་འདི་ཏཱ་ལའི་བླ་མའི་བླ་བྲང་དང་འབྲེལ་ བའི་ཚིག་ཅིག་ཡིན། བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་ནང་གི་བོད་གཞུང་ཞེས་པའི་ཚིག་འདི་ང་ཚོའི་ བོད་སྐད་ནང་གཞུང་ཟེར་བ་དེ་(government) སྲིད་གཞུང་ཁོ་ན་མིན། གཞུང་ཟེར་བ་འདི་གཟིམ་ཤག་གཞུང་རྐྱང་དང། དགོན་པ་གཞུང་རྐྱང། གྲྭ་ཚང་གཞུང་རྐྱང། གཞན་ཕར་བཞག་ཆུའི་གཞུང་ཞེས་བོད་སྐད་ནང་གཞུང་ཞེས་པ་འཇུག་ཡུལ་རྒྱ་ཆེན་པོ་ཡོད། དབྱིན་ཇིའི་ཚིག་ནང་གི་གཞུང་ཟེར་བ་དེ་ང་ཚོས་དང་པོ་ནས་བེད་སྤྱོད་བྱས་མེད། ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པ་གནང་སྟེ་ལོ་དྲུག་བདུན་གྱི་གོང་དུ་ང་ཚོས་ ལྡི་ལིར་རྒྱ་གར་གསར་འགྱུར་འགོད་མཁན་གྱི་གསར་འགོད་ལྷན་ཚོགས་ཤིག་འཚོགས་པ་ཡིན། སྐབས་དེར་བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་གྱི་གསར་འགོད་པ་གཅིག་ཡོད་པ། ཁོང་གིས་ཟམ་གདོང་རིན་པོ་ཆེ་ངོ་སྤྲོད་བྱེད་སྐབས་དབྱིན་སྐད་ཐོག་བཙན་བྱོལ་ གཞུང་གི་སྲིད་བློན་ཞེས་བརྗོད་སོང། སྐབས་དེར་ངོས་ཀྱིས་ང་ཚོས་བཙན་བྱོལ་གཞུང་དང་སྲིད་བློན་ཞེས་བརྗོད་ཀྱི་མེད། ང་ཚོས་བཙན་བྱོལ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཅེས་བརྗོད་པ་ལས་སྲིད་བློན་ཞེས་ བརྗོད་ཀྱི་མེད་ཅེས་ཐད་ཀར་གསལ་བཤད་བྱས་པ་ཡིན། དེ་ལྟར་བྱེད་པའི་རྒྱུ་མཚན་ཡོད། དཔེར་ན། ཕྱི་ལོ་ ༡༩༥༩ ཟླ་ ༤ པའི་བདུན་ཕྲག་གསུམ་པ་ཙམ་ཡིན། ངོས་རང་མ་སུ་རིར་ཡོད། སྐབས་དེར་སྲིད་བློན་ནེ་ཧེ་རུ་མཆོག་མ་སུ་རིར་གཟིགས་སྐོར་དང་གཙོ་བོ་ངོས་ཐུག་ འཕྲད་དུ་ཆེད་ཕེབས་གནང་བྱུང། དེ་དུས་ཁོང་དང་ལྷན་དུ་བཀའ་མོལ་ལྷོད་ལྷོད་ཞུ་རྒྱུའི་གོ་སྐབས་བྱུང། རྩ་བའི་ངོས་རང་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་ཡོང་སྐབས་ཁོང་དང་ལན་མང་མཇལ་འཕྲད་བྱུང་བ་ལྟར་བོད་པའི་བདེ་སྡུག་ སྐོར་ལན་མང་གོ་བསྡུར་ཞུ་རྒྱུ་བྱུང་། མཐར་ནེ་ཧེ་རུས་ངོས་བོད་ལ་ཕྱིར་ལོག་བྱས་ན་ཡག་གི་རེད་ཅེས་གསུངས་བྱུང། རྒྱ་གར་ནང་བསྡད་ནས་ཐབས་ཤེས་བྱས་པ་ལས་བོད་དུ་ཕྱིར་ལོག་ནས་གྲོས་མཐུན་དོན་ཚན་ བཅུ་བདུན་ནང་གསལ་ལྟར་གྱི་ཐོབ་ཐང་རྩོད་ན་ཡག་གི་རེད་ཅེས་གསུངས་པ་དེ་དོན་ངོས་ རང་བོད་ལ་ཕྱིར་ལོག་བྱས་ཏེ། ནེ་ཧེ་རུའི་དགོངས་འཆར་ལྟར་ངོས་ཀྱིས་ལག་ལེན་བསྟར་བ་ཡིན། ཕྱི་ལོ་ ༡༩༥༩ ལོར་གློ་བུར་དུ་ནོར་གླིང་ནས་བྲོས་དགོས་བྱུང་སྟེ་རྒྱ་གར་དུ་སླེབས་པ་སོགས་ ཀྱི་ལས་བསྡོམས་ལྟ་བུ་ཞིབ་ཕྲ་གསལ་ཞུ་བྱས་པ་ཡིན། ངོས་རང་ལྷ་ས་ནས་ཕྱི་ཟླ་ ༣ ཚེས་ ༡༧ དགོང་མོ་ཐོན་པ་དེ་ནས་ཉིན་གཉིས་སོང་རྗེས་ལྷ་སར་དྲག་གནོན་ཚབས་ཆེན་བྱས་ཏེ། ལྷ་ས་རྒྱ་དམག་གི་ལག་ཏུ་ཤོར་ནས་གཞུང་ཞབས་ཕལ་མོ་ཆེ་འཛིན་བཟུང་བྱས་ཏེ་གཞུང་གི་ ལས་ཁུངས་ཁག་ལས་དོན་བྱེད་ཐབས་བྲལ་བའི་གནས་སུ་གྱར་བའི་གནས་ཚུལ་གོ་ཐོས་བྱུང་ བར་བརྟེན། ང་ཚོ་གཉལ་གཡུལ་རྒྱལ་ལྷུན་རྩེར་སླེབས་པ་དང་དེ་གར་བོད་གཞུང་དགའ་ལྡན་ཕོ་བྲང་ གནས་སྤོས་བྱས་པ་དང་། དེའི་བཀའ་རྒྱ་ཁྱབ་བསྒྲགས་ཟུར་ཁང་ས་དབང་ཆེན་མོས་གནང་བ་བཅས་ཀྱི་གནས་ཚུལ་རྣམས་ སྐབས་དེར་ནེ་ཧེ་རུར་ཞུས་པ་ཡིན། ཁོང་གིས་ང་ཚོས་གཞུང་ཞེས་པ་ཁས་ལེན་ཐུབ་ཀྱི་མ་རེད་ཅེས་གསུངས་བྱུང།
དེ་ རྗེས་ཕྱི་ལོ་ ༡༩༥༩ ཟླ་ ༦ ཚེས་ ༢༠ ཉིན་མ་སུ་རིར་གསར་འགོད་ལྷན་ཚོགས་དང་པོ་འཚོགས་པ་རེད། དེའི་གོང་ལ་གསར་འགོད་ལྷན་ཚོགས་སྐབས་མི་གསུམ་པ་ཞིག་བརྒྱུད་ནས་གསར་བཀོད་གསལ་ བསྒྲགས་བྱས་པ་ལས་ངོས་ནས་ཐད་ཀར་ཐུག་འཕྲད་བྱས་མེད། ཐད་ཀར་ཐུག་འཕྲད་བྱས་པ་དེ་ཉིན་དང་པོ་ཡིན། སྐབས་དེར་གསར་འགོད་པ་ཞིག་གི་དྲི་བ་ལ་བོད་གཞུང་གང་དུ་ཡོད་དམ་ཞེས་དྲིས་བྱུང། ངོས་ཀྱིས་ཏཱ་ལའི་བླ་མ་དང་ཏཱ་ལའི་བླ་མའི་བཀའ་ཤག་དང་བཀའ་བློན་ཚོ་གང་དུ་ཡོད་ས་ དེར་བོད་མི་རྣམས་ཀྱིས་བོད་གཞུང་ངོས་འཛིན་བྱེད་ཀྱི་རེད་ཅེས་བརྗོད་པ་ཡིན། དེ་ནས་ཉི་མ་གཉིས་ཀྱི་རྗེས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་དབུས་རྒྱལ་སྲུང་ ལས་ཁུངས་ཀྱི་ལས་བྱེད་པ་གཅིག་གིས་ཆེད་མངགས་གསར་བཀོད་གསལ་བསྒྲགས་ཤིག་སྤེལ་ཏེ་ བོད་གཞུང་ཞེས་པ་ཡོད་མ་རེད་ཅེས་བཤད་ཡོད། དེར་བརྟེན་ང་ཚོས་མ་རན་པ་ཞིག་ཨུ་ཚུགས་བརྒྱབ་ན་ཡག་པོ་མེད། ནང་རྟག་ཏུ་རྒྱ་གར་གཞུང་གིས་ང་ཚོ་བོད་པའི་ཐོག་རྒྱབ་སྐྱོར་དང་ངོས་འཛིན་ཧ་ཅང་ ཡག་པོ་ཡོད། ང་རང་ཚོར་ནང་དོན་བྱུང་ན་དེ་གས་འགྲིགས་པ་ལས། མིང་འདྲ་ཆགས་པོ་དགོས་དོན་མེད། དེར་བརྟེན་ང་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཞེས་བརྗོད་པ་ཡིན། དེ་བཞིན་རྡ་སར་ཕལ་ཆེར་འདས་པའི་ལོ་རབས་བདུན་ཅུ་བརྒྱད་ཅུ་དེ་འདྲ་ཞིག་ལ་ནང་ སྲིད་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས་ཀྱིས་ལྡི་ལིར་འབྲེལ་ཡོད་རྒྱ་གར་གཞུང་ གི་ལས་ཁུངས་ཁག་ལ་ཡི་གེ་འབུལ་སྐབས་ལས་ཁུངས་ (Department) ཞེས་བྲིས་ཡོད། སྐབས་དེར་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་ཌི་པ་ཊི་མན་ཌི་ཞེས་པའི་ཚིག་ འདི་མ་བྲིས། དེ་བྲིས་ན་ཡིག་ལན་གཏོང་ཤེས་ཀྱི་མི་འདུག་ཅེས་བརྗོད་ཡོད། དེར་བརྟེན་ང་ཚོས་དང་པོ་ནས་བོད་པའི་ཚིག་གི་ནང་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་ བརྗོད་ན་ཁྱད་པར་གང་ཡང་མེད། དབྱིན་ཇིའི་ཚིག་ནང་དུ་ང་ཚོས་བཙན་བྱོལ་གཞུང་ཞེས་པ་རྩ་བ་ནས་བརྗོད་ཀྱི་མེད། དེ་འདྲའི་ཐོག་ནས་སྔ་ལོ་བསྒྱུར་བཅོས་གཏོང་སྐབས་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་ པ་ནས་དགའ་ལྡན་ཕོ་བྲང་ཕྱིར་བསྡུ་བྱས་ན་ཡང་། ད་དུང་བོད་གཞུང་ཞེས་པའི་ཚིག་འདི་ལྷག་གི་ཡོད། ཚིག་འདི་ལ་བསམ་བློ་ཏན་ཏན་གཏོང་དགོས། དགའ་ལྡན་ཕོ་བྲང་ཡོད་པའི་སྐབས་ལ་ཚིག་འདི་བླ་མའི་སྒྲིག་འཛུགས་ཤིག་ཡིན་པའི་ བཟོ་ལྟ་བུ་བྱས་ནས་གནས་ཡོད། དགའ་ལྡན་ཕོ་བྲང་ཞེས་པའི་ཚིག་འདི་ཕྱིར་བསྡུ་ཟིན་པ་དང་བོད་གཞུང་ཞེས་པ་འདི་ བཙན་བྱོལ་གཞུང་རང་ཆགས་ཀྱི་ཡོད། དེར་གཟབ་གཟབ་བྱེད་དགོས་ཞེས་ངོས་ཀྱིས་བསམ་འཆར་བཤད་པ་ཡིན། དེ་རྗེས་བོད་གཞུང་ཞེས་པའི་ཚིག་འདི་ཕྱིར་བསྡུ་བྱེད་ཕྱོགས་སྐོར་སྤྱི་འཐུས་ གྲོས་ཚོགས་ཐོག་གོ་བསྡུར་མང་པོ་བྱས་ཡོད། དེས་འཁྲོག་ཐེབས་ནས་བོད་གཞུང་ཕྱིར་བསྡུ་བྱས་ཏེ་མེད་པ་བཟོས་པ་རེད། ཅེས་སྐད་ཆ་མང་པོ་བྱུང་ཡོད། སྐབས་དེར་ངོས་རང་ཕྲན་བུ་བློ་ཕམ་བྱུང། བློ་ཕམ་དགོས་པའི་རྒྱུ་མཚན་ནི་ངོས་རང་ལོ་བཅུ་དྲུག་ནས་ལོ་བདུན་ཅུ་དོན་དྲུག་ལ་ སླེབས་པའི་བར་ལོ་དྲུག་ཅུའི་རིང་ངས་བོད་གཞུང་བདག་པོ་བརྒྱབ་སྟེ་དཀའ་ངལ་རིམ་པ་ མང་པོ་བརྒྱུད་པའི་ནང་གཡས་སྐྱོར་གཡོན་སྐྱོར་བྱས་ཏེ་འཚོ་འཛིན་མཁན་གྱི་མི་ གཅིག་གིས་མི་ལོ་དྲུག་ཅུའི་རིང་གཅེས་པར་བསྐྱངས་རྗེས་ཕྱིར་བསྡུ་ཇི་ལྟར་བྱེད་ ཀྱི་རེད་དམ། མི་ལ་མཚོན་ན་ཕ་མ་གཅིག་གིས་ཕྲུ་གུ་ལོ་དྲུག་ཅུའི་རིང་གསོས་པ་ཐ་མ་བློས་གཏོང་ བྱེད་ཀྱི་རེད་དམ། དེ་ནི་ཡིད་ཆེས་ཡོད་མེད་ལ་ཐུག་ཡོད། ངོས་ལ་ཡིད་ཆེས་ཡོད་ན། ད་རེས་༸རྒྱལ་བ་རིན་པོ་ཆེས་གཞུང་ཞེས་པའི་ཚིག་འདི་ཕྱིར་བསྡུ་བྱས་པ་ལ་དགོས་པ་ རྒྱུ་མཚན་ཏན་ཏན་ཡོད་ངེས་དྲན་དགོས་པ་ཡིན། འོན་ཀྱང་དེ་ལྟར་མ་དྲན་པར་༸རྒྱལ་བ་རིན་པོ་ཆེས་བོད་གཞུང་ཕྱིར་བསྡུ་བྱས་ཏེ་ད་ ཆ་ང་ཚོར་རྒྱ་གར་ནང་གཞུང་མེད། བོད་ནང་མ་གཏོགས་བསམ་བློ་གཏོང་དགོས་རྒྱུ་མེད་ཅེས་སྐད་ཆ་མང་པོ་བཤད་པ་དང། ད་ལྟའང་ཤོད་བཞིན་ཡོད་པ་བཅས་ངོས་རང་ཕྲན་བུ་བློ་ཕམ་ཡོང་གི་འདུག ལོ་བཅུ་དྲུག་ནས་བདུན་ཅུ་དོན་དྲུག་བར་ཧུར་ཐག་བྱས་པ་ཡིན། དེ་ལ་ཡག་བྱུང་ཟེར་རྒྱུའི་ཚབ་ལ་ད་དུང་སྐད་ཆ་ཁྱད་མཚར་དེ་འདྲ་ཤོད་དུས་གཅིག་ བྱས་ན་མ་ཤེས་པར་བཤད་པ་ཡིན་ན་ཁྱད་པར་མི་འདུག གཅིག་བྱས་ན་དགོས་པའི་དབང་གིས་གོ་སྐབས་བཟུང་སྟེ་ཆེད་མངགས་དཀྲོག་རྐྱེན་བཟོ་བ་ ལྟ་བུ་འདུག དེ་རིང་ཁ་སང་ཤོད་སྟངས་མང་པོ་ཞིག་ལ་གཟབ་གཟབ་མ་བྱས་ན། ང་ཚོ་བཙན་བྱོལ་བ་ཆིག་འབུམ་ལྔ་ཁྲི་ཡོད་པ་ད་བར་རྡོག་ལ་བསྒྲིལ་ནས་གནས་ཡོད་པ་ འདི་རིམ་བཞིན་རལ་པོ་ཁ་ལུག་ལྟར་བཟོ་ཉེན་ཡོད། དེར་ཚང་མས་བསམ་བློ་ཏན་ཏན་གཏོང་དགོས། ངོས་རང་དགོངས་པ་ཞུས་ཏེ་ལས་འགན་མེད། ཡིན་ནའང་ལོ་བདུན་ཅུ་དོན་དྲུག་ལ་མ་སླེབས་བར་འགན་འཁྱེར་མཁན་གྱི་མི་ཞིག་རྒས་ ཡོལ་བྱས་ནས་སྡོད་སྐབས་སྐྱོན་མཐོང་ན་ང་རང་བོད་ཀྱི་སྤྱི་འབངས་ཤིག་ཡིན་པའི་ཆ་ ནས་སྤྱི་དོན་ཐོག་སྐད་ཆ་ཤོད་རྒྱུའི་ཐོབ་ཐང་ཡོད་པར་བརྟེན་སྐད་ཆ་ཤོད་ཀྱི་ཡོད། དེར་བརྟེན་ཁྱེེད་ཚོ་འདི་ག་ལ་དྭགས་ས་ཁུལ་དུ་ཡོད་པའི་མི་མང་ཚོ་དང། ལྷག་པར་སློབ་ཕྲུག་ཁྱེད་ཚོས་དངོས་ཡོད་གནས་ཚུལ་ག་རེ་ཡིན་པ་དེ་ཆ་ཚང་རྟོགས་ཐུབ་ པ་བྱེད་རྒྱུ་གལ་ཆེན་པོ་ཡིན། དེར་བརྟེན་ངོས་ཀྱིས་དེ་རིང་འདིར་ཞིབ་ཕྲ་གསལ་བཤད་བྱས་པ་ཡིན། མི་མང་ཚོས་ཀྱང་དེ་ལུགས་ཤེས་པར་བྱེད་དགོས།
ཕྱོགས་མཚུངས་བླ་སྤྲུལ་དགེ་བཤེས་འགའ་ཤས་ཕེབས་འདུག་པ་ཁྱེད་ཚོས་ཀྱང་མཁྱེན་པ་ གནང་དགོས། རང་བཙན་བརྗོད་ན་ངོས་ཀྱིས་གོང་དུ་བརྗོད་པ་བཞིན་རེད། བོད་པ་སུ་ཡིན་རུང་ཧ་ཅང་སྡུག་པོ་གཏོང་མཁན་ཞིག་གི་འོག་ལ་སྡོད་རྒྱུ་དང་། དེ་ལས་ཐ་དད་དུ་སྡོད་རྒྱུ་འདེམས་བཅུག་ན་ཐ་དད་དུ་སྡོད་རྒྱུ་འདེམས་པ་ལས་སྡུག་ པོ་གཏོང་མཁན་དང་མཉམ་དུ་སྡོད་རྒྱུ་འདེམས་ཀྱི་མ་རེད། འོན་ཀྱང་ད་ལྟའི་གནས་སྟངས་འདི་འདྲ་མིན། བོད་ནང་དངོས་ཡོད་གནས་ཚུལ་ཧ་ཅང་ཛ་དྲག་ཡོད་པ་འདིའི་འོག་ནས་ང་ཚོ་བོད་པ་འཚོ་ ཐུབ་པ་ཞིག་དང། བོད་མི་རིགས་རིག་གཞུང་དང་བཅས་པ་འདི་འཚོ་གནས་ཐུབ་པའི་བསམ་བློ་གཏོང་དགོས་པ་ ཡིན། ཕྱི་ལོ་ ༢༠༡༠ ལོར་ རྡ་རམ་ས་ལར་གཞོན་ནུ་ཚོགས་པའི་ཚོགས་གཙོ་རྒྱུན་ལས་སོགས་དང་། དེ་བཞིན་དབུ་མའི་ལམ་གྱི་ཟབ་སྦྱོང་གོ་སྒྲིག་བྱེད་མཁན་ཁག་གཅིག་བཅས་ཁོང་ཚོ་ མཉམ་དུ་ཐུག་པ་ཡིན། སྐབས་དེར་ངོས་ཀྱིས་རྩེད་མོ་དང་སྦྲགས་ཁྱེད་ཚོ་གཞོན་ནུས་རང་བཙན་ཤོད་ཀྱི་ཡོད། དེ་ནི་ང་ཚོ་བོད་པའི་ཐོབ་ཐང་རེད། དེ་བཞིན་ཕྱོགས་གཞན་ཁྱེད་ཚོས་དབུ་མའི་ལམ་བརྗོད་ཀྱི་ཡོད། དེར་བརྟེན་ཁྱེད་ཚོ་འཛིང་རེས་ཤིག་གཏོང་དང་ཞེས་བརྗོད་པ་ཡིན། དེ་རྗེས་ངོས་ནས་ཁྱེད་རང་ཚོ་ཕྱོགས་གཉིས་ཀས་བོད་སྤྱི་པའི་དོན་དག་ཤོད་ཀྱི་ཡོད། གཞོན་ནུས་རང་བཙན་བརྗོད་པ་དེ་ཡང་ང་ཚོར་ཐོབ་ཐང་ཡོད་པ་དང། དབུ་མའི་ལམ་བརྗོད་པ་དེ་ཡང་ད་ལྟ་ད་ལྟའི་ང་ཚོའི་དངོས་ཡོད་གི་གནས་སྟངས་བོད་མི་ རིགས་རིག་གཞུང་དང་བཅས་པ་འཆི་དང་གསོན་ཛ་དྲག་གི་མཚམས་ལ་སླེབས་ཡོད་པ་འདི་ལས་ བསྐྱབ་ཐུབ་པའི་བསམ་བློ་བཏང་ནས་ཤོད་ཀྱི་ཡོད། གཉིས་ཀ་བོད་བསྟན་སྲིད་ཀྱི་དོན་ཡིན་པར་བརྟེན་འགལ་བ་གང་ཡང་མེད་ཅེས་བརྗོད་ རྒྱུ་བྱུང། རང་བཙན་ང་ཚོའི་ཐོབ་ཐང་ཡིན་པས་ཤོད་ཆོག་པ་རེད། གོ་མིང་ཏང་གི་སྐབས་ནས་བཟུང་རྒྱའི་ཡིག་ཆའི་ནང་བོད་རྒྱ་ཁོངས་ཡིན་པ་བྲིས་ཡོད། དོན་དངོས་དེ་འདྲ་མ་རེད། ང་རང་ཚོ་བོད་མི་རིགས་རིག་གཞུང་དང་བཅས་པ་ཟུར་གསལ་དུ་ཡོད། ཆོས་རྒྱལ་ཁྲི་རལ་པ་ཅན་གྱི་སྐབས་རྒྱ་ནག་གོང་མ་དང་མཉམ་དུ་ཡིག་ཆ་བཞག་ཡོད། ཡིག་ཆ་དེའི་ནང་དོན་རྡོ་རིང་ལ་བཀོད་དེ་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་ མདུན་དང། རྒྱ་ནག་གི་རྒྱལ་ས་ཁྲང་ཨན། བོད་རྒྱའི་ས་མཚམས་གུར་གུ་རྨེ་རུར་བཅས་སུ་བཙུགས་ཡོད། ཡིག་ཆ་དེ་རྒྱ་ཡིག་ནང་ཡོད་པ་བོད་ཡིག་ལ་བསྒྱུར་ནས་ལོ་མང་གོང་ལ་ཤིང་ཧྭ་དཔེ་ སྐྲུན་ཁང་ནས་པར་འདེབས་བྱས་འདུག རྒྱ་ཡིག་ནང་རྒྱལ་ཁབ་གཉིས་ཞེས་འཁོད་པ་བོད་ཡིག་ལ་སྒྱུར་སྐབས་རྒྱ་བོད་མི་རིགས་ གཉིས་ཞེས་ཚིག་འཇམ་དུ་བཏང་འདུག གང་ལྟར་རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། ཅེས་ཡིག་ཆ་དེའི་ནང་གསལ་པོ་ཡོད།
དེ་ནི་ལོ་རྒྱུས་ངོ་མ་ཡིན་པས་ང་ཚོར་ཐོབ་ཐང་ཡོད་ཅེས་ངོས་ཀྱིས་རྟག་པར་བརྗོད་ ཀྱི་ཡོད། དཔེར་ན། ཡོ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུར་མཚོན་ན་རྒྱལ་ཁབ་སོ་སོ་རེད། ཡིན་ནའང་སྤྱིའི་ཁེ་ཕན་ལ་བལྟས་ནས་རྒྱལ་ཁབ་སོ་སོའིཤོག་དངུལ་རྒྱལ་ཁབ་རང་བཙན་ ཡིན་པའི་མཚོན་རྟགས་ལ་བརྩི་བ་འདི་བློས་བཏང་ནས་སྤྱིའི་པའི་ཤོག་དངུལ་བཏོན་ཡོད། དེ་རིང་ཁ་སང་ཆབ་སྲིད་ཐོག་སྤྱི་མཐུན་ (Federal) བཟོ་རྒྱུའི་སྐད་ཆ་ཤོད་ཀྱི་ཡོད། དེ་ནི་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་དང་། ཐུན་མོང་གི་ཁེ་ཕན་ལ་བསམ་བློ་བཏང་ནས་ཤོད་ཀྱི་ཡོད་པ་་དང། ཁོང་ཚོའི་ཡར་ཐོན་གྱི་བསམ་བློ་རེད། ང་ཚོ་ཨེ་ཤི་ཡར་ཆ་བཞག་ན་སྔ་མོ་བི་ནོ་སྦ་སྦ་ཇི་ཡོད་སྐབས་ཁོང་གིས་མ་འོངས་པར་ རྒྱ་གར་གཙོ་བོར་བྱས་ཏེ་ཨེ་བྷི་སི་སྤྱི་མཐུན་ཚོགས་པ་འཛུགས་དགོས། ཨེ་ནི་ཨབ་གྷ་ནི་སི་ཐན་དང་། བྷི་ནི་འབར་མ། སི་ནི་ཤི་རི་ལངྒ། རྒྱ་གར་དང་པ་ཀི་སི་ཐན་བཅས་པ་མཉམ་ཞུགས་ཀྱི་སྤྱི་མཐུན་ཚོགས་པ་ཞིག་འཛུགས་ རྒྱུའི་དགོངས་པ་རྒྱ་ཆེན་པོ་བཞེས་ཡོད། ཁོང་གི་རྨི་ལམ་དེ་འགྲུབ་པ་ཡིན་ན། ཨབ་གྷ་ནི་སི་ཐན་ལྷིང་འཇགས་སུ་གནས་རྒྱུ་དང་། པ་ཀི་ཐན་ནང་དུའང་ལྷིང་འཇགས་ཡོང་རྒྱུ་བཅས་དེ་ནི་ང་ཚོའི་མིག་དཔེ་ལྟ་ས་ལྟ་བུ་ ཆགས་ཡོད།
ང་ཚོ་བོད་པར་ཆ་བཞག་ན་ང་ཚོར་དཔལ་འབྱོར་ཡར་རྒྱས་དགོས་ཞེས་ངོས་ཀྱིས་ཕྱི་གསལ་ ནང་གསལ་ཐོག་ནས་ཤོད་ཀྱི་ཡོད། བོད་མི་ཨ་རི་དང་། ཡོ་རོབ། ཁེ་ན་ཌ་སོགས་ཀྱི་ནང་ཁྲིམས་འགལ་གྱི་ཐོག་ནས་འགྲོ་མཁན་སྟོང་ཕྲག་འགའ་ཤས་ཡོད། ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་དེ་སྔ་བོད་མི་ཨ་རིར་འགྲོ་མཁན་ཚོར་ ཆོག་མཆན་ལམ་སང་སྤྲོད་ཀྱི་ཡོད། བར་ལམ་ནས་སྤྲོད་ཁག་ཏུ་སོང་ཡོད། དེ་ནི་ཐེངས་གཅིག་ང་ཚོའི་དོན་གཅོད་ལས་ཁང་ནས་འགན་ལེན་བྱས་པའི་མི་ཞིག་ལག་ འཁྱེར་ཐོབ་རྗེས་ཨ་རིར་ཕྱིན་ནས་ཚུར་ལོག་མེད། དོན་གཅོད་ཧ་ཅང་ངོ་ཚ་པོ་བཟོས་ཡོད། དེ་རྗེས་ངོས་དང་ཨ་རིའི་གཞུང་ཚབ་ངོ་ཐུག་སྐབས་དགོངས་དག་ཞུས་པ་ཡིན། བོད་པ་བཙན་བྱོལ་བའི་ནང་ནས་ཞབས་འདྲེན་ཞུ་གི་འདུག་ཅེས་ངོས་ཀྱིས་བརྗོད་ཀྱི་ ཡོད། བོད་ནང་དུ་ཡོད་པའི་བོད་པ་ཁག་གཅིག་གིས་ཨ་རི་དང་ཕྱི་རྒྱལ་ལ་འགྲོ་རྒྱུའི་དོན་ དུ་རྒྱ་གར་ནང་ཡོང་། དེ་ནས་དངུལ་སྤྲད་དེ་ཕྱི་རྒྱལ་ལ་འགྲོ་གི་ཡོད། དེ་ལྟར་བོད་མི་སྟོང་ཕྲག་འགའ་ཤས་ཁྲིམས་འགལ་གྱི་ཐོག་ནས་ཨ་རི་དང་ཁེ་ན་ཌ་སོགས་ ལ་འགྲོ་བཞིན་ཡོད། ཁོང་ཚོ་ཆོས་དོན་དུ་གཉེར་ནས་འགྲོ་གི་མེད་པར་དངུལ་དང་ཌོ་ལར་ལ་ཆགས་ནས་འགྲོ་གི་ ཡོད་པ་རེད། དེར་བརྟེན་བོད་པ་ཚོ་ལ་དངུལ་དང་དཔལ་འབྱོར་དགོས་ཀྱི་ཡོད། དངུལ་དང་དཔལ་འབྱོར་དགོས་ཀྱི་ཡོད་ན། དངོས་པོ་ཡར་རྒྱས་དང་འཛུགས་སྐྲུན་དེ་ཙམ་མེད་པའི་བོད་ལུང་པ་འདི་ཀྲུང་ཧྭ་མི་ དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་ནས་འཛུགས་སྐྲུན་བྱེད་སྒོ་རྣམས་ རྒྱ་ནག་གཞུང་བྱེད་དུ་བཅུག བོད་ཀྱི་ས་གཏེར་སྔོག་པའི་ཁེ་འབབ་ནས་མ་མཐའ་ཡང་ཕྱེད་ཀ་ང་ཚོ་བོད་པར་ཡོད་པ་ཞིག་ བྱུང་ན། ལུང་པ་ཡར་རྒྱས་འགྲོ་ཤུགས་ཆེ་བ་ཡོང་རྒྱུ་རེད། དེ་དག་ང་ཚོ་བོད་པ་གཅིག་པུས་བྱེད་དགོས་བྱུང་ན་ཕལ་ཆེར་ཁག་པོ་ཡིན། བོད་ཀྱི་ཤེས་ཡོན་སློབ་གསོ་སོགས་རིག་གཞུང་དང། འཕྲོད་བསྟེན། དེ་བཞིན་བོད་མི་རང་ཉིད་ཀྱིས་བྱེད་ཐུབ་པའི་དཔལ་འབྱོར་འདུ་འགོད་དང། ཁོར་ཡུག་སྲུང་སྐྱོབ་བཅས་པ་ཆ་ཚང་གི་འགན་བོད་པ་རང་གིས་གཙང་མ་འཁྱེར་རྒྱུ་ཞིག་ བྱུང་ན། བོད་པས་བྱེད་ཐུབ་པ་ཚང་མ་བོད་མིས་འགན་འཁྱེར་ནས་བྱས། ཡང་འཛུགས་སྐྲུན་རྒྱ་ཆེན་པོ་དང་འགྲོ་སོང་མང་པོ་གཏོང་དགོས་རིགས་རྣམས་རྒྱ་ནག་ གཞུང་གིས་བྱས་ན་ཡག་པོ་ཡོད་ཅེས་ང་ཚོས་འདི་ཤོད་ཀྱི་ཡོད། སྐབས་དེར་འགྲེལ་བཤད་བརྒྱབ་པ་ཡིན། གཞོན་ནུས་རང་བཙན་འདོད་པ་ལྟར་རྒྱ་མི་རྣམས་བོད་ནས་ཕྱིར་འབུད་དགོས་པས་དེ་ལྟར་ ཕུད་ཐུབ་པ་འདུག་གམ་ཞེས་ངོས་ཀྱིས་སྐད་ཆ་དྲིས་པར་གཞོན་ནུའི་ཚོགས་གཙོས་ཕུད་ ཐུབ་ཅེས་བརྗོད་བྱུང། ཕྱིར་ཕུད་ཐུབ་པ་ཡོད་མེད་ཁྱེད་ཚོ་བསམ་བློ་ཞིག་ཐོངས་དང། རྒྱ་མིའི་དམག་མི་འབུམ་ཕྲག་དང་ས་ཡ་བརྒལ་བ་ཡོད་པ་དེ་དག་བོད་མི་ས་ཡ་དྲུག་ཡོངས་ རྫོགས་ཀྱིས་མེ་མདའ་འཁྱེར་ནས་ཁ་གཏད་བཅག་ཀྱང་ཧ་ཅང་ཁག་པོ་ཡིན། དེས་ན་རྒྱ་མི་རིགས་དགྲ་བཟོས་པ་ལས་རྒྱ་མི་རིགས་གཉེན་དུ་བཀུགས་ན་ཡག་གི་རེད་ ཅེས་སྐད་ཆ་བྱུང། ལྷག་བསམ་དང་སེམས་ཤུགས་ཡིན་ནའང་བསམ་བློ་ཆ་ཚང་མ་བཏང་བར་རྒྱ་མི་ང་ཚོས་ཕུད་ཐུབ་ བརྗོད་བྱུང། དེ་ནི་ལས་སླ་པོ་ཞིག་མེད། རྒྱ་མི་བོད་ནས་ཕྱིར་ཕུད་བྱེད་འདོད་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཡང་ཏན་ཏན་ ཡོད། འོན་ཀྱང་དེ་ནི་ལས་སླ་པོ་ཞིག་མེད། ཐེ་ཝན་ལ་ཆ་བཞག་ན་རང་བཙན་གྱི་ལས་འགུལ་སྤེལ་ན་ཨ་མི་རི་ཀས་མཚོན་པའི་རྒྱབ་ སྐྱོར་རག་གི་མེད། ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱ་རྒྱུ་སྤྱིར་ལས་སླ་པོ་རེད། ལས་སླ་པ་དེར་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མེད་ན་བོད་རང་བཙན་ལ་རྒྱབ་སྐྱོར་བྱ་ རྒྱུ་ཧ་ཅང་ཁག་པོ་རེད། དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་གི་ཐོག་འགྲོ་དགོས་པ་ལས་སོ་སོའི་འདོད་དབང་དང་ང་ རྒྱལ་གྱི་ཐོག་ནས་ང་ཚོར་རང་བཙན་དགོས། རང་བཙན་བསྒྲུབ་རྒྱུ་ཡིན། དབུ་མའི་ལམ་ཟེར་བ་དེ་ཕམ་ཉེས་རེད། དེ་འགྲིག་གི་མི་འདུག་ཅེས་བརྗོད་ན། གཏམ་བརྗོད་རང་དབང་རེད། དེ་ལ་དགའ་བསུ་ཡོད། འོན་ཀྱང་ལག་ལེན་འཁེལ་ཐུབ་དང་མི་ཐུབ། དེ་ནི་ཧ་ཅང་རྙོག་དྲ་ཚ་པོ་ཡིན་པས་བསམ་བློ་ཏན་ཏན་མ་བཏང་ན་རྗེས་སུ་འགྱོད་པ་ སྐྱེ་དུས་ཕྱི་དྲགས་པ་ཡིན། ངས་དུས་རྒྱུན་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་། གྲ་སྒྲིག་སྡུག་ས་ནས་བྱེད་དགོས། ཞེས་ཤོད་ཀྱི་ཡོད། ད་བར་ལོ་ལྔ་བཅུ་ང་གསུམ་ལྷག་ཙམ་སོང་ཞིང། གང་ལྟར་འཛམ་གླིང་འདིའི་ཐོག་བོད་པའི་ཆོས་དང་རིག་གཞུང་སྐོར་གོང་དུ་བརྗོད་ཟིན་ པ་དང། ཆབ་སྲིད་ཐད་འཛམ་གླིང་ཐོག་ང་ཚོར་ཤ་ཚ་ཡོད་མཁན་ཚོས་ལག་པ་འཆང་བདེ་པོ་ཆགས་ཏེ་ རྒྱབ་སྐྱོར་ཡག་ཐག་ཆོད་ཡོད། གཙོ་ཆེ་རྒྱ་གར་གཞུང་གི་རྒྱབ་སྐྱོར་ཧ་ཅང་ཡག་པོ་ཡོད། དེ་ནས་གལ་ཆེ་ཤོས་རྒྱ་ནག་མི་མང་ནང་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་ བཞིན་ཡོད། གནས་སྟངས་ད་ག་རང་གི་ཐོག་འཇོག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་དག་འཕྲོས་བཤད་ཡིན་པས་གསལ་བཤད་བྱེད་དགོས་པ་མ་བྱས་ན་དེ་རིང་ཁ་སང་སྐད་ཆ་མང་ པོ་ཡོང་གི་འདུག ཁྱེད་རང་ཚོར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན།
ངས་གོང་དུ་བརྗོད་པ་བཞིན་ང་ཚོ་བོད་མི་རིགས་ཞེས་པ་འདི་དངོས་གནས་སྲེག་གཏུབ་ འཕེར་བའི་མི་རིགས་དང། ཆོས་དང་རིག་གཞུང་ཕྱུག་པོ་ཡོད་པའི་མི་རིགས་གྱོང་མཁྲེགས་ཅན་ཞིག་ཡིན། ང་ཚོ་བོད་མི་རིགས་དེང་དུས་ཀྱི་ཤེས་ཡོན་ཐད་དེ་སྔ་ནས་རྗེས་ལུས་ཐེབས་ཡོད། རྩ་བའི་མི་རིགས་ཧ་ཅང་མཁྲེགས་པོ་དང་རྣམ་དཔྱོད་ལྡན་པ་ཞིག་ཡིན་པས་ང་ཚོ་བཙན་ བྱོལ་བ་ཆགས་ཏེ་ལུང་པ་མེད་པའི་སྐྱོ་པོ་ཞིག་ཡིན་བསམ་ནས་མ་བསྡད་པར། ང་ཚོ་བོད་པ་ཡིན་བསམ་པའི་སྤོབས་པ་རྒྱུན་བཅངས་བྱེད་དགོས། ཁྱེད་རང་ཚོ་ལ་དྭགས་པར་ཆ་བཞག་ན་གོ་སྐབས་ཐོབ་ན་གང་ཡང་བྱེད་ཐུབ་མཁན་ཞིག་རེད། ང་ཚོ་ཧི་མ་ལ་ཡ་རི་རྒྱུད་བོད་དང་འདབས་འབྲེལ་ཡིན་སྙམ་པའི་སྤོབས་སེམས་བྱེད་ དགོས། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སྩལ།།

2012/08/20 — admin
No comments:
Post a Comment
please write here .....