Monday, April 5, 2010

རྒྱ་ནག་གཞུང་གི་འཁྱོག་བཤད་ལ་དགག་ལན་གྱི་དཔྱད་གཏམ་སྤེལ་བ།

༄༅།  བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཤེས་བྱ་ཀུན་ཁྱབ་ལྟེ་གནས་ཁང་ནས་རྒྱ་ནག་གཞུང་ནས་འཁྱོག་བཤད་བྱ་བཞིན་པའི་དཔྱད་རྩོམ་ཁག་ཅིག་ལ་ལན་འདེབས་ཀྱི་ཚུལ་དུ་དོན་ གཉེར་ཅན་ཁག་ཅིག་ནས་དཔྱད་རྩོམ་སྤེལ་བའི་དཔེ་དེབ་གཉིས་པ་དཔར་སྐྲུན་བྱས་ཡོད་པ་དང༌།  དཔེ་དེབ་དང་པོ་འདི་ནི་ 2008་ ལོའི་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་དྲ་བ་སོགས་ཀྱི་ཐོན་པའི་ཏཱ་ལའི་རུ་ཚོགས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྒེར་གཅོད་ཀྱི་ངོ་བོར་ལྟ་བ་ ་ཞེས་པ་དེར་དགག་ལན་དུ་  སྲིད་དབང་སྒེར་འཛིན་པས་མང་གཙོ་གླེང་བར་ལྟ་བ་  ཞེས་པ་ཤོག་གྲངས་ 118་ཅན་ ཞིག་དང༌།  ཡང་ཕྱི་ལོ་ 2009་ ལོར་གོང་གསལ་གསར་འགྱུར་དྲ་བའི་སྟེང་མུ་མཐུད་འཁྱོག་བཤད་ཀྱིས་དཔྱད་གཏམ་སྤེལ་བཞིན་པ་ཁག་ལ་དགག་ལན་དུ་  རྩ་བའི་བླ་མར་སྒྲོ་ཀུར་གྱིས་དམའ་འབེབས་གཏོང་མཁན་ལ་ཆོས་པ་ཚོས་ཀྱང་བཟོད་སྒོམ་བྱེད་མི་འོས་པ་ ཞེས་པ་ཤོག་གྲངས་ 200 ཅན་གྱི་དགག་ལན་ཞིག་དཔར་བསྐྲུན་བྱས་ཡོད་པ་རེད། 

No comments:

Post a Comment

please write here .....