Thursday, December 3, 2009

རྒྱ་གར་ནང་ལག་འཁྱེར་ཁ་དཔར་རྫུན་མ་དངོས་སུ་བཀག་འགོག་བྱས་ཟིན་པ།

༄༅། རྒྱ་གར་གཞུང་ནས་རྒྱ་གར་ནང་ལག་འཁྱེར་ཁ་དཔར་ཐོག

IMEI (International Mobile Equipment Identity).

མེད་པའི་རིགས་ཡོངས་རྫོགས་ཟླ་ 12་ཚེས་ 2་དགོང་དྲོ་ཆུ་ཚོད་ 12་ ནས་བཟུང་བེད་སྤྱོད་གཏོང་རྒྱུ་ཡོངས་སུ་བཀག་འགོག་བྱས་ཟིན་ཡོད་པ་རེད། དེ་བཀག་འགོག་བྱ་དགོས་པའི་རྒྱ་མཚན་གཙོ་བོ་ཞིག་ནི་འཇིགས་བསྐུལ་རིང་ལུགས་པ་སོགས་ནས་ལག་འཁྱེར་ཁ་དཔར་གང་བྱུང་བེད་སྤྱོད་བྱས་ཏེ་འབྲེལ་ལམ་བྱས་པ་སོགས་ལས་སྲུང་སྐྱོབ་སླད་ཞིབ་འཇུག་བྱ་རིང་མི་སྣ་དངོས་ར་མ་འཕྲོད་པ་སོགས་དཀའ་གནད་ཁག་ཅིག་ལ་བསྟེན་ཏེ་ད་ལྟ་ལས་གཞི་དེ་དངོས་སུ་ལག་ལེན་བསྟར་ཡོད་པ་རེད། རྒྱུན་གཏན་ང་ཚོས་ལག་འཁྱེར་བེད་སྤྱོད་བྱ་རིང་ཐོག་མར་ IMSI (International Mobile Subscriber Identity) བརྒྱུད་དགོས་པ་དང༌། དེ་མཇུག IMEI་ཞེས་པ་བརྒྱུད་དགོས་པས་ལག་འཁྱེར་ཁ་དཔར་རྫུན་མའི་རིགས་མང་དག་ཞིག་རྒྱ་ནག་གཙོ་བོར་གྱུར་བའི་ས་གནས་ཁག་ནས་ཐོན་བཞིན་པ་སོགས་ལ་རྫུན་མའི་རིགས་ལ་རྒྱལ་སྤྱིའི་ངོ་སྤྲོད་ཨང་རྟགས་དེ་མེད་པས་རྐྱེན་གྱིས་རྒྱ་གར་ནང་བེད་སྤྱོད་བྱེད་ཐབས་མེད་པ་ཆགས་ཡོད། དེས་རྐྱེན་པས་རྒྱ་གར་ནང་བོད་མི་གནས་ཡུལ་ཆུང་ངུ་ཡིན་ཀྱང་རྒྱ་མིའི་ལག་འཁྱེར་བྱ་མཁན་ཧ་ཅང་མང་པོ་ཡོད་པས་ལག་འཁྱེར་ཁ་དཔར་དེ་དག་ཁྲོད་ནས་མང་ཆེ་བ་རང་བཞིན་དུ་བེད་མེད་དུ་གྱུར་ཡོད༎

No comments:

Post a Comment

please write here .....