Friday, December 11, 2009
གསར་བརྗེ་ཞེས་པའི་དཔེ་དེབ་དབུ་འབྱེད།
གསར་བརྗེ་ཞེས་པ་པེ་ཅིང་དུ་གནས་སྡོད་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ནས་རྒྱ་ཡིག་ཐོག་བརྩམས་གནང་བའི་དཔེ་དེབ་འདི་བཞིན་ཨ་རིའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་དཔར་གཙོ་སྐྱོང་བ་སྒྲོལ་ དཀར་ལགས་ནས་བོད་ཡིག་ཐོག་ཕབ་བསྒྱུར་གནང་བ་དང༌།  ནོར་ཝེ་བོད་དོན་ལྷན་ཚོགས་ནས་དཔར་བསྐྲུན་མཐུན་འགྱུར་ཞུས་པ་ལྟར། ཁ་ས་ཟླ་ 12་ ་ཚེས་ 10་ཉིན་བཞུགས་སྒར་རྡ་རམ་ས་ལར་དབུ་འབྱེད་གནང་ཡོད་ཅིང༌།  བོད་ཡིག་དེབ་འདིར་ཁྱོན་ཤོག་ངོས་ 336 ཡོད་འདུག་པ་དང༌།  དཀར་ཆག་ཁག་ནི་འདི་ལྟར་སྟེ།  བོད་ཡིག་དཔར་གཞིའི་སྔོན་གླེང་།  སྒྱུར་པ་པོའི་སྔོན་གླེང་།  པར་སྐྲུན་ཆེད་བརྗོད།  སྔོན་གླེང་(ཝང་ལིད་ཞུང་)་ ཀ་ བོད་རྙིང་པ་འདི་ཐེར་ཚལ་སྦར་ཚལ་བཟོས་པ།་ གསར་བརྗེ་སླེབས་ལ་ཉེ་བ།  ལྷ་ལྡན་གཙུག་ལག་ཁང་གཏོར་བ།  ལྷ་འདྲེ་གདོན་བགེགས་ལ་འཐབ་འཛིང་བཏང་བ།  མིང་གསར་པ་ བརྗེ་བ།
ཁ་ གྱེན་ལོག་པའི་ནང་འཁྲུག ་  གྱེན་ལོག་ཤོག་ཁ་ཆེ་བ་གཉིས།  ག འབྲུག་གངས་ལྗོངས་སུ་གནས་པ།  དམག་དོན་བཀག་སྡོམ།  དམངས་ཡོངས་དམག་མི་ཆགས་པ།  ང་ མའོ་ཡི་བོད་གསར་པ།  གསར་བརྗེ་ཨུ་ཡོན་ལྷན་ཁང་།  མི་དམངས་སྤྱི་ཁང་།  ལྷག་གསར་པ་བཟོས་པ།  ཅ་ མཇུག་བསྡུའི་གཏམ།  འཇིག་རྟེན་གྱི་འཁོར་བ།   བཅས་སུ་དབྱེ་ཡོད་པ་རེད།  བོད་ཡིག་དཔེ་དེབ་འདི་བཞིན་ནོེར་ཝེ་བོད་དོན་ལྷན་ཚོགས་ནས་བོད་ནང་དང་བོད་མི་གནས་ཡུལ་གྱི་སློབ་གྲྭ་དང་།  དགོན་སྡེ།  གཞིས་ཆགས་ཁག་ཏུ་རིམ་པས་འགྲེམས་སྤེལ་བྱ་འཆར་ཡོད་སྐོར་དེ་སྔའི་དོན་གཅོད་ཟུར་པ་ཆུང་བདག་ཀོ་རན་ལགས་ནས་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་གསལ་བཤད་གནང་ཡོད་པ་རེད༎
Subscribe to:
Post Comments (Atom)
 
 
No comments:
Post a Comment
please write here .....