Tuesday, December 1, 2009

རེག་དུག་ནད་གཞིའི་སྐོར་ལ་ཕྱག་ལས་ནང་མཁན་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ།

ཕྱི་ལོ་ 2007་ ལོར་དབང་འདུས་ལགས་དང་ཁོང་གི་ལས་རོགས་རྣམས་ནས་ལྷ་སར་རེག་དུག་ནད་གཞིའི་སྐོར་མང་ཚོགས་ཁྲོད་ལས་འགུལ་སྤེལ་བཞིན་པ།
༄༅། ཕྱི་ལོ་ 2009 ཟླ་ 12 ཚེས་ 1 ཉིན་ནི་འཛམ་གླིང་ཨེ་ཙིའི་ཉིན་མོ་ AIDS DAY ཡིན་པས་འཛམ་གླིང་ས་ཕྱོགས་གང་སར་གཉན་ནད་རེག་དུག་སྔོན་འགོག་བྱ་ཐབས་དང་དེ་དག་བཅོས་ཐབས་སོགསཀྱི་སྐོར་ལ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོས་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར། བཞུགས་སྒར་རྡ་རམ་ས་ལར་མཚོན་ན་བཙན་བྱོལ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་སྣེ་ཁྲིད་འོག་གདམ་ག་ཚོགས་པ་སོགས་ནས་འཛམ་གླིང་རེག་དུག་ཉིན་མོའི་ལས་འགུལ་སྤེལ་བཞིན་ཡོད།
ལྷག་པར་དུ་གསར་འགྱུར་བརྒྱུད་ལམ་ཁག་ནང་དུའང་དེའི་ཐད་སྦྱངས་བཤད་བྱ་མཁན་ཡང་མང་དུ་འགྲོ་བཞིན་ཡོད་ལ། ལྷག་
པར་དུ་བོད་ནང་དེའི་ཐད་གནས་ཚུལ་ཁ་གསལ་མེད་པའི་ཐད་གཞང་ཁང་མང་པོ་ཡོད་པ་དང༌། རེག་དུག་ནད་གཞི་ཡོད་པ་ཟེར་བ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱ་མཁན་ཧ་ལམ་ཡོང་གི་མེད། དུས་ཚོད་དེ་དང་གཅིག་མཚུངས་སུ་བོད་རང་སྐྱོང་ལྗོངས་ཁོངས་གཏོགས་སུ་མིག་སྔརབོད་ལྗོངས་ཡོངས་ (གྲོང་ཁྱེར་) གྱི་ས་ཁུལ་བདུན་ག་ྱི་ནད་རིགས་ཚོད་འཛིན་ལྟེ་གནས་ཀྱིས་ཨེ་ཙེའི་འགོས་ནད་ལ་བརྟག་དཔྱད་བྱེད་ཐུབ་ཀྱི་ཡོད་པ་དང༌།་ ལྷས་གྲོང་ཁྱེར་ཁུལ་གྱི་ལས་ཁུངས་ལྔ་ལ་ཨེ་ཙེའི་འགོས་ནད་ལ་བརྟག་དཔྱད་བྱེད་ཐུབ་པའི་ཐོབ་ཐང་ཡོད་སྐོར་ཧམ་བཤད་བྱ་སྒོ་བཙུགས་ཡོད། ལས་ཁུངས་དེ་དག་ནི་བོད་རང་སྐྱོང་ནད་རིགས་ཚོད་འཛིན་ལྟེ་གནས་དང་། ལྷ་ས་གྲོང་ཁྱེར་ནད་རིགས་ཚོད་འཛིན་ལྟེ་གནས།་ བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ། བོད་རང་སྐྱོང་ལྗོངས་བོད་ལུགས་སྨན་ཁང་བཅས་ཡིན་པའི་གཞུང་འབྲེལ་གསར་འགྱུར་སྤེལ་བཞིན་ཡོད། དོན་དངོས་སུ་བོད་ཀྱི་ཕྱི་རོལ་དུ་གནས་པའི་བཙན་བྱོལ་སྤྱི་ཚོགས་ནང་དེའི་ཐད་དོ་སྣང་དང་འགན་འཁུར་ལེན་ཤུགས་ཆེ་བ་ཡོད་པ་མ་ཟད། སྤྱི་ཚོགས་ཁྲོད་དེའི་ཐད་དོ་སྣང་ཆེན་པོ་ཡོང་གི་ཡོད། དོན་དངོས་ཐོག་བོད་ནང་དེ་ལྟར་ཚོད་འཛིན་བྱ་གི་མེད་པར་དེའི་ཐད་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ནས་ལས་འགུལ་ཤུགས་ཆེ་སྤེལ་ཏེ་ལྷ་ས་གྲོང་ཁྱེར་ནང་ཤུགས་རྐྱེན་ཆེ་ཙམ་ཐེབས་ཡོད་ཀྱང་། མཐར་ཕྱི་ལོ་2008་ ཟླ་3་པའི་ནང་ལས་འགུལ་འདི་སྤེལ་མཁན་གྱི་གཙོ་བོའི་མི་སྣ་ཆབ་སྲིད་བཙོན་ཟུར་དབང་འདུས་ལགས་འཛིན་བཟུང་བྱས་ཏེ་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཉེས་མིང་བཏགས་ཏེ་མཐར་ཚེ་བཙོན་གྱི་དུས་བཀག་བཙོན་བཅུག་བཟོས་པ་རེད།།

No comments:

Post a Comment

please write here .....