Tuesday, December 1, 2009

བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དྲུང་ཆེ་ཁག་ཅིག་གསར་བསྐོ་བྱས་པ།

༄༅།   བཙན་བྱོལ་བོད་གཞུང་གི་དབུས་ལས་ཁུངས་ཁག་གི་དྲུང་ཆེ་ཁག་ཅིག་གསར་བསྐོ་བྱས་ཡོད་པ་དང༌།  དེའི་ཁྲོད་དེ་སྔའི་ཤེས་རིག་དྲུང་ཆེ་ལས་འཕར་དངོས་གྲུབ་རྡོ་རྗེ་དྲུང་ཆེར་གནས་སྤར་དང་འབྲེལ་བདེ་སྲུང་ལས་ཁུངས་ཀྱི་འཛིན་སྐྱོང་དྲུང་ཆེར་བཀོད་སྒྲིག་བྱས་ཡོད་པ་དང༌།  ཟློས་གར་འགན་འཛིན་དྲུང་འཕར་ཕ་ཟུར་དབང་ཕྱུག་དྲུང་ཆེར་གནས་སྤར་དང་འབྲེལ་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེར་བཀོད་སྒྲིག་བྱས་ཡོད་འདུག་ཅིང༌།  དེ་མིན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་སོགས་རང་ཅག་ཡིག་ཚང་སོ་སོར་དྲུང་ཆེའི་ལས་གནས་ཐོག་བཀོད་སྒྲིག་གནང་ཡོད་པ་རེད།  
་   དེ་དག་ཁྲོད་ནས་དབང་ཕྱུག་ཕ་ཟུར་ལགས་ནི་སྔ་རྗེས་སུ་གཞིས་ཆགས་ལས་ཁུངས་ཁག་ཅིག་དང་ཕྱི་དྲིལ།  འཕྲོད་བསྟེན་སོགས་སུ་ཕྱག་ལས་གནང་མྱོང་ཡོད་པ་དང༌།  དངོས་གྲུབ་རྡོ་རྗེ་ལགས་ནི་དེ་སྔ་ནས་ཡོ་རོབ་ཁུལ་སློབ་གཉེར་གནང་མྱོང་ཡོད་ཅིང༌།  སྔ་རྗེས་ནང་སྲིད་དང་ཤེས་རིག་སོགས་སུ་ཕྱག་ལས་གནང་མྱོང་ཡོད་པ་རེད༎

No comments:

Post a Comment

please write here .....