Friday, July 17, 2009

༸གོང་ས་་མཆོག་ཕྱི་ཟླ་ ༨ པའི་ནང་སུད་སིར་ཆིབས་བསྒྱུར་གནང་གཏན་འཁེལ་བ།

༄༅། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལོའི་ཕྱི་ཟླ་ ༨ པའི་ནང་ཚེས་ ༤ ཚེས་ ༥ ཉིན་གཉིས་རིང་རྗེ་ཙོང་ཁ་ཆེན་པོས་གསུངས་པའི་ལམ་གྱི་གཙོ་བོ་རྣམ་གསུམ་སྐོར་གསུང་ཆོས་བཀའ་འཁྲིད་བསྩལ་གཏན་འཁེལ་ཡོད་པ་རེད། ཡིན་ནའང་བརྒྱུད་ལམ་ཁག་ཅིག་ནང་སུད་སི་གཞུང་ནས་སུད་སི་གཞུང་འབྲེལ་མི་སྣ་ཐུག་འཕྲད་བྱ་རྒྱུ་མིན་པའི་སྐོར་གནས་ཚུལ་བཀོད་ཡོད་མིན་ལ་མ་ལྟོས་པར་ད་བར་འཛམ་གླིང་གི་ས་ཕྱོགས་གང་དུ་གང་ཉིད་ཆིབས་བསྒྱུར་གནང་ནའང་དད་ལྡན་སྟོང་ཚོ་མང་པོས་ཁོང་ལ་དད་གུས་དང་དགའ་བསུའི་ཕེབས་བསུ་ཕུལ་གྱི་ཡོད་ལ། སུད་སིའི་ནང་དུའང་དད་ལྡན་སྟོང་ཚོ་མང་པོས་གང་ཉིད་ཆིབས་བསྒྱུར་གནང་རྒྱུར་སྐོམ་པ་ཆུ་འདོད་ལྟར་དུ་རེ་སྒུག་བྱ་བཞིན་ཡོད་འདུག

No comments:

Post a Comment

please write here .....