Saturday, February 7, 2009

ྋགོང་ས་མཆོག་ཨི་ཊ་ལི་དང་འཇར་མན་ཁུལ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བ།

༄༅། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༧ ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ལས་ནས་སྔ་དྲོའི་ཕྱག་ཚོད་བཅུ་གཅིག་ཐོག་གྷ་གྷལ་གནམ་ཐང་བརྒྱུད་ལྡི་ལིར་ཆིབས་བསྒྱུར་གནང་ཡོད་པ་དང༌། ཕྱི་ཚེས་ ༨ ཉིན་ཨི་ཊ་ལི་ཁུལ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་རྒྱུ་ཡིན་ཅིང༌། དེ་མཇུག་འཇར་མན་ཡུལ་གྲུར་ཆིབས་བསྒྱུར་གྲུབ་རྗེས་རྒྱ་གར་ཕྱིར་ཞབས་སོར་འཁོད་རྒྱུ་མ་ཟད། ཐད་ཀར་རྒྱ་གར་ལྷོ་ཕྱོགས་མངའ་ཁུལ་ཀོ་ལི་སྒལ་དང༌། སེ་ར་དགོན་སོགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གཏན་འཁེལ་ཡོད་པ་རེད།།

No comments:

Post a Comment

please write here .....