Friday, March 20, 2009

རྒྱ་ནག་གཞུང་གི་སྤྱི་བདེ་ཉེན་རྟོག་པས་བོད་མི་ཚོར་མནར་གཅོད་གཏོང་བཞིན་པའི་སྐོར།

༄༅། ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༠ ཉིན་བོད་གཞུང་ཕྱི་དྲིལ་ལས་ཁུངས་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་ལས་ཁུངས་ནས། རྒྱ་ནག་གཞུང་གི་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་དམག་མིས་བོད་ནང་ཞི་བའི་བོད་མི་ཚོར་མནར་གཅོད་གཏོང་གི་ཡོད་པའི་དངོས་ཡོད་བརྙན་འཕྲིན་དཔར་གཞི་ཞིག་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད།

གསར་འགྱུར་འདིའི་ནང་དུམ་བུ་གསུམ་དུ་བགོས་ཡོད་ཅིང༌། དུམ་བུ་དང་པོར་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ ཉིན་ལྷ་སའི་ནང་བོད་མི་ཞི་རྒོལ་འཛིན་བཟུང་བྱས་རྗེས་དྲག་ཆས་དམག་མིས་ཚད་ལས་འདས་པའི་ཉེས་བརྡུང་གཏོང་བཞིན་པ་དང༌།

དུམ་བུ་གཉིས་པའི་ནང་བོད་མི་ན་གཞོན་ཞིག་ལ་ཟླ་ ༣ ཚེས་ ༡༤ ཉིན་དྲག་ཆས་དམག་མིས་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་བཏང་རྗེས་སྨན་བཅོས་མེད་པར་འདས་གྲོངས་སོང་བའི་དངོས་ཡོད་དཔར་གཞི།

དུམ་བུ་གསུམ་པའི་ནང་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༠ ནས་བཟུང་ལྷ་སའི་ནང་དྲག་ཆས་དམག་མིས་སྦྱོང་བརྡར་བྱེད་པའི་སྐོར་སོགས་བསྟན་ཡོད་ཅིང༌། བརྙན་འཕྲིན་འདི་བོད་ཀྱི་དྲ་རྒྱའི་ཐོག་མཐུད་ཡོད་པ་རེད།།

http://www.tibetonline.tv/torture/

No comments:

Post a Comment

please write here .....