Saturday, July 3, 2010

ཀྲའོ་ཙེ་དབྱང་གིས་བོད་དོན་སྐོར་གླེང་བ།

༄༅། ཉེ་ཆར་ཧོང་ཀོང་ནས་དཔར་འདེབས་བྱས་པའི་དེ་སྔ་ཀྲའོ་ཙེ་དབྱང་གི་སྐབས་སུ་ཀྲུང་དབྱང་གསར་


འགྱུར་ལས་ཁུངས་ཀྱི་བློན་ཆེན་བྱ་མྱོང་ཡོད་པ་སྐུ་ཞབས་ཏུའུ་ཏའོ་ཀྲང་གིས་བྲིས་པའི་ཀྲའོ་ཙེ་དབྱང་གིས་ད་དུང་གང་གསུངས་ ཡོད་དམ་ ཞེས་པའི་དཔེ་དེབ་འདིའི་ནང་བོད་ཀྱི་གནད་དོན་སྐོར་གལ་ཆེ་ཞིག་བཀོད་ཡོད་འདུག་པ་སྟེ། རྒྱ་ཡིག་གི་དཔེ་དེབ་འདིའི་ཤོག་གྲངས་ 93་ པའི་ནང་དེ་ལྟར་བྲིས་ཡོད་འདུག་པར། བོད་ཀྱི་སྐོར་བཤད་མ་ ཐག་ཀྲའོ་ཙེ་དབྱང་གིས་གསུངས་ དོན། ང་དང་(ཧུའུ་)ཡའོ་པང་གཉིས་ལ་གཅིག་མཐུན་གྱི་ལྟ་ཕྱོགས་ཤིག་ཡོད། དེ་ཡང་བོད་ནི་བོད་རིགས་ཁེ་གཙང་གི་ས་ཁུལ་ཞིག་རེད། མིག་སྔའི་ང་ཚོའི་བྱེད་སྟངས་དེས་རྐྱེན་པས་བོད་རིགས་ ཚོས་རྒྱ་མི་དང་དམག་དཔུང་ནི་ཁོ་ཚོའི་དབང་བསྒྱུར་བར་ངོས་འཛིན་བྱེད་ཀྱི་ཡོད། ས་དེའི་ཐོན་ཁུངས་ཉུང་ཉུང་རེད། ཡོད་རུང་དབོར་འདྲེན་བྱེད་ཐུབ་ཀྱི་མེད། དེར་བརྟེན་ཐབས་ཤེས་ཡག་པོ་གཅིག་ནི། ཁོ་ཚོས་རང་བཙན་གྱི་རྒྱལ་ཁབ་ གཅིག་མ་བསྒྲུབ་པ་དང༌། བོད་དེ་བཞིན་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་བྱས་ན། ང་ཚོས་ལག་པ་ལྷོད་དུ་བཏང་ ནས་ཁོ་ཚོར་རང་སྐྱོང་བྱེད་འཇུག་དགོས། གོང་མ་ཁང་ཤིའི་དང་མཱན་ཆིང་སྐབས་ཀྷཡི་སྲིད་ཇུས་ཅུང་བཟང་བ་རེད། ད་ལྟའི་པཎ་ཆེན་(གྱི་ཡང་སྲིད་)ཏཱ་ལའི་ཡིས་གཅིག་བདམས་ཡོད་པ་དང༌། ང་ཚོས་གཅིག་བདམས་པ་རེད། ད་པཎ་ཆེན་གཉིས་ཆགས་ཡོད་པས་མ་འོངས་པར་ཕུགས་སྐྱོན་བཟོ་གི་རེད། མང་ཚོགས་དང་བོད་རིགས་ཀྱིས་ཏཱ་ལའི་ ཡི་སྐད་ཆར་ཉན་གྱི་ཡོད་པ་དང༌། མི་ལོ་སྟོང་ཕྲག་ཁ་ཤས་རིང་མི་རིགས་གཅིག་དང་ཆོས་ལུགས་གཅིག་གི་ལོ་རྒྱུས་ ཡོད་པས། ང་རང་སྒེར་གྱི་བསམ་ཚུལ་ལྟར་ན་ང་ཚོས་དེ་ལྟར་བྱས་པ་དེ་སྤྱང་པོ་གང་ཡང་མ་རེད། ཏཱ་ལའི་ཡིས་ངོས་ འཛིན་བྱས་པའི་པཎ་ཆེན་དེ་ཡང་ང་ཚོས་སྔོན་འགྲོའི་འདེམས་སྒྲུག་བྱས་པའི་མི་འགྲོ་བཞིའི་ནང་ནས་གཅིག་རེད། ནང་སོགས་དང་ཤིན་ཅཱང་ནང་ང་ཚོ་རྒྱ་རིགས་མང་པོ་ཡོད་པ་རེད། ཡིན་ནའང་བོད་ནང་དེ་འདྲ་མ་རེད། དེར་བརྟེན་རྒྱལ་ཁབ་གོང་བུ་གཅིག་གྱུར་ཁས་ལེན་དང༌། རྒྱལ་ཁབ་མ་བཙུགས་ཚེ། ང་ཚོས་གཞན་པ་དེ་དག་ལ་ཐེ་ཇུས་ ཉུང་ཙམ་བྱེད་རྒྱུ་དང་སྐད་ཆ་ཉུང་ཙམ་བཤད་རྒྱུ་དེར་བསམ་བློ་གཏོང་ཆོག ༎ཅེས་སོགས་བཀོད་ཡོད་འདུག

No comments:

Post a Comment

please write here .....