Wednesday, May 19, 2010

ཆིང་ཧྭ་སློབ་གྲྭ་ཆེན་མོས་སྤྱི་འབངས་ཀྱི་ཁྲིམས་མཐུན་དབང་ཆར་འགན་སྲུང་བྱུང་ན་གཞི་ནས་སྤྱི་ཚོགས་བརྟན་ལྷིང་ཡོང་ཐབས་སྐོར་གླེང་བ།

ཀྲུང་གོའི་གཞོན་ནུའི་གསར་ཤོག    http://www.cyol.net/

ཆིང་ཧྭ་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་རིག་པ་མཁས་ཅན་ནས་བརྟན་ལྷིང་གི་ཐབས་ལམ་གསར་པ་མཁོ་བཏོན་བྱས་པ།

འདི་ག་གསར་ཁང་གི་གསར་འགོད་པ་ཀྲོང་ཆིང་ཧུང་ནས།     ཀྲུང་གཞོན་དྲ་རྒྱ་ཀྲུང་གོའི་གཞོན་ནུའི་གསར་ཤོག་ ༢༠༡༠་༠༤་༡༩

ཡོན་ཏན་གྱིས་རྒྱ་ཡིག་ནས་བསྒྱུར།

ཉེ་བའི་ལོ་དུས་སུ་ང་ཚོ་དོན་དངོས་ཐོག་བརྟན་སྲུང)ཞེས་པའི་ཡ་མཚན་གྱི་རྒྱ་རྙི་ཞིག་ལ་ཐེབས་ཏེ་རིམ་པ་ཁག་གི་སྲིད་གཞུང་གིས་མི་ནུས་རྒྱུ་ཤུགས་ཕོན་ཆེན་བརྟན་སྲུང་ཆེད་བཀོལ་ཞིང་ཡོད་པ་རེད། འོན་ཀྱང་སྤྱི་ཚོགས་ཀྱི་འགལ་ཟླ་དང་འཁྲུག་ཟིང་གི་གྲངས་འབོར་ཉུང་དུ་ཕྱིན་མེད་པ་མ་ཟད་དེ་ལས་ལྡོག་སྟེ་མང་དུ་འགྲོ་བཞིན་ཡོད། དོན་སྙིང་ངེས་ཅན་ཞིག་ནས་བརྗོད་ན་བརྟན་སྲུང་གང་ཙམ་བྱས་ན་དེ་ཙམ་བརྟན་ལྷིང་ཡོང་ཐུབ་ཀྱི་མེད་པའི་མཇུག་ངན་འཁོར་བ་ཞིག་ནང་ལྷུང་བསྡད་ཡོད།
ཉེ་ཆར་ཆིང་ཧྭ་སློབ་ཆེན་སྤྱི་ཚོགས་རིག་པ་ཚན་ཁང་ནས༼ཆིང་ཧྭ་སྤྱི་ཚོགས་གོང་འཕེལ་བགྲོ་གླེང་ཚོགས་འདུ༽ཞིག་ཐེངས་དང་པོར་འདུ་བསྐོང་ཞུས་ཏེ་སྤྱི་ཚོགས་གོང་འཕེལ་ཆེད་ཞིབ་ཚན་ཁང་ནས་གླེང་སྟེགས་ཐོག་ཁེ་ཕན་མངོན་ཚུལ་ལམ་ལུགས་ཅན་དུ་འགྱུར་བ་བྱས་ནས་སྤྱི་ཚོགས་ཡུན་རིང་ལྷིང་འཇགས་ཡོང་རྒྱུ་མངོན་འགྱུར་ཐུབ་དགོསཞེས་པའི་སྙན་ཞུ་ཤིག་སྒྲོན་པའི་ནངབརྟན་སྲུང་གི་ཐབས་ལམ་གསར་པཞིག་མཁོ་བཏོན་བྱས་ཡོད། སྙན་ཞུའི་ཟིན་བྲིས་བཀོད་མཁན་ཅི་ཅུན་དང༌། ཡིང་ཤིང༌། བེ་ཤང་ཡང་བཅས་ཡིན་པ་དང། ཕྱོགས་བསྒྲིགས་ཞུ་མཁན་སུན་ལི་ཕིང༌། ཀུའོ་ཡུའི་ཧྭ། ཧྲིན་ཡོན་སོགས་ཡིན།

བརྟན་སྲུང་གང་ཙམ་བྱས་ན་དེ་ཙམ་བརྟན་ལྷིང་ཡོང་ཐུབ་ཀྱི་མེད་པའི་ཡ་མཚན་གྱི་རྒྱ་རྙི་དེ་ཡང་སྙིང་གང་ནས་ཡོང་བཞིན་ཡོད་དམ།

ཆེད་དོན་ཆེད་ཞིབ་ཁང་གི་མཁས་དབང་ཚོས་བརྗོད་ན། དེ་ལྟ་བུའི་ལྡོག་ཕྱོགས་ཀྱི་ངན་འབྲས་ཤིག་ཐོན་དགོས་དོན་ནི། ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་གཞི་གཏན་འཁེལ་བྱས་རྗེས་དོན་དངོས་ཀྱི་སྤྱི་ཚོགས་འགལ་ཟླ་དང་སྤྱི་ཚོགས་འཁྲུག་ཟིང་སོགས་འཕར་སྣོན་འགྲོ་སྲོལ་ཀྱི་ཕྱི་རོལ་རྒྱུ་རྐྱེན་ཕུད། དེ་མིན་གྱི་རྐྱེན་རྩ་གཙོ་བོ་ཞིག་ནི་ད་ཡོད་ཀྱི་བརྟན་སྲུང་ཐབས་ལམ་གྱི་སྒྲོམ་གཞི་དེ་གའི་ནད་སྐྱོན་ལ་ཐུག་ཡོད།
སྙན་ཐོའི་ནང་གསལ་དོན། ཉེ་བའི་ལོའི་ནང་བརྟན་སྲུང་མ་དངུལརིམ་པ་ཁག་སྲིད་གཞུང་ཁྲོད་ཡོངས་ཁྱབ་གསར་བཙུགས་བྱས་པ་དང་དུས་མཚུངས་རྒྱུ་གྲོན་བཏང་ནས་བདེ་འཇགས་ཉོ་བའིསྐབས་འཕྲལ་རང་བཞིན་གྱི་བཅོས་སྒྲིགབྱེད་སྟངས་དར་ཁྱབ་བྱུང་ཡོད། དེ་ནིམི་དམངས་ནང་ཁུལ་གྱི་འགལ་ཟླ་མི་དམངས་ཤོག་སྒོར་བཀོལ་ནས་ཐག་གཅོད་བྱེད་པ་ཟེར་བ་དེ་རེད། དོན་དངོས་ལག་ལེན་ཁྲོད་དུས་རྟག་ཏུ་འགན་འཛིན་དཔོན་པོ་མི་སྒེར་གྱི་སྔོན་དཔག་ཁོ་ནར་གཞི་འཛིན་གྱི་ཡོད་ཅིང། དེས་མངོན་པའི་སྲིད་གཞུང་ཚབ་མཚོན་གྱི་བྱ་སྤྱོད་ལ་རྩ་དོན་མེད་པ་དང་གོ་རིམ་མེད་པ། ཁྲིམས་ལུགས་ཀྱི་བྱེད་ནུས་ལ་སྣང་ཆུང་དང་འཁྱོག་སྤྱོད་ཀྱིས་ཐ་ན་ཟུར་ཕུད་ཤ་སྟག་གཏོང་གིན་ཡོད་པ་རེད།
སྙན་ཐོའི་ནང་བཏོན་དོན་དུ། མཇུག་ངན་གྱི་འཁོར་བ་དེས་ད་དུང་མངོན་བཞིན་་པ་གཞན་ཞིག་ནི། དམངས་ལ་བསླུ་བྲིད་རང་བཞིན་གྱི་སྔོན་ལྟས་ཤིག་བསྟན་གྱི་ཡོད། གལ་སྲིད་རང་ཉིད་ཀྱི་གནད་དོན་ཐག་གཅོད་ཐུབ་དགོས་སྙམ་ནབརྟན་ལྷིང་ལ་ཉེན་ཁ་སྤྲོད་བའི་དོན་རྐྱེནའགའ་བཟོ་ཐུབ་པ་བྱེད་དགོས། གལ་ཏེ་རང་གི་བརྟན་ལྷིངལ་ཡང་གནོད་སྐྱོན་འདྲ་གཏོང་མི་ཐུབ་ཚེ་རང་གི་མངོན་འདོད་ནམ་ཡང་སྒྲུབ་ཐབས་མེད་པའི་བསམ་ཚུལ་སྐྱེ་བཅུག་གི་ཡོད། དེར་བརྟེན་མང་ཚོགས་དང་སྒེར་པ་ཁ་ཤས་ལ་ཁྲིམས་ལུགས་ནང་མེད་པའི་བྱེད་ཐབས་སྤྱོད་དགོས་ཆག་གི་ཡོད་པ་དང་ཐ་ན་དྲག་ཤུགས་སྤྱད་ནས་ཡིད་མི་ཚིམས་པའི་སྙིང་རླུང་མངོན་ཐབས་བྱེད་ཀྱི་ཡོད། དེ་ནི་ངག་རྒྱུན་ཏུ་ཟིང་ཆེན་བསླངས་ན་ཐག་གཅོད་ཆེན་པོ་ཐོབ་རྒྱུ་དང་ཟིང་ཆུང་བསླངས་ན་ཐག་གཅོད་ཆུང་ཙམ་ཐོབ་རྒྱུ་ཟིང་མ་བརྒྱབ་ན་ཐག་གཅོད་ཐོབ་མི་སྲིདཟེར་བ་དེ་རེད། དེ་ལྟར་སྤྱི་ཚོགས་ཀྱི་འགལ་ཟླའི་རྣོ་ངར་ཡང་ཇེ་ཆེར་འཕྱུར་བཞིན་ཡོད་པ་རེད།
ཁེ་ཕན་ལ་གནོད་འཚེ་ཕོག་མཁན་ཚོ་གལ་ཏེ་ཁེ་སྲུང་ཕྱོགས་གཏོགས་ཀྱི་བང་རིམ་ནང་ཚུད་ཚེ། ཕྱིར་བཤོལ་བྱེད་ཐབས་བྲལ་བའི་དོག་ལམ་དུ་བཞུགས་པ་དང་གཅིག་མཚུངས་ཡིན་ཅིང། ས་གནས་སྲིད་གཞུང་གི་མིག་ནང་ཏུ་ཁོ་ཚོ་ནི་ཆེད་ལསབརྟན་ལྷིང་མེད་པའི་རྣམ་པབསྐྲུན་མཁན་ཉག་ཅིག་ཡིན་པ་ཆགས་འགྲོ་ཡི་ཡོད།
སྙན་ཐོའི་ནང་བཏོན་པར་གཞིགས་ན། མིག་སྔ་རང་རྒྱལ་གྱི་བརྟན་སྲུང་ལས་ཀའི་བྱེད་ཚུལ་རྣམས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ལས་འགུལ་ལྟ་བུའི་བཅོས་སྐྱོངགི་རྣམ་པ་ཞིག་རེད་ཟེར་ན་ཆོག། མངོན་ཚུལ་ཅུང་ཛ་དྲག་ལྡན་ཞིང་གློ་བུར་དུ་ཐོན་པའི་སྤྱི་ཚོགས་འཁྲུག་ཟིང་འདྲ་མིན་ལ་ཁ་གཏད་གཅོག་སྐབས། ས་གནས་སྲིད་གཞུང་འགས་ཡ་ཡུག་ངང་ཉེན་རྟོགས་དྲག་ཤུགས་མདུན་ས་ཁོ་ནར་གདོང་ལེན་ཏུ་གཏོང་རྐྱང་བྱེད་ཀྱི་ཡོད་པ་རེད། དེས་འགལ་ཟླ་སེལ་རྒྱུར་ཕན་ཐོགས་མེད་ཁར་རྙོག་གྲ་འཕར་མ་བསླངས་ཏེ་ཉེན་རྟོག་དམངས་ཀྱི་ཁ་གཏདདང༌། ལས་བྱེད་དམངས་ཀྱི་ཁ་གཏད་སོགས་སུ་གྱུར་ནས་སྲིད་གཞུང་ཉིད་ཀྱང་ཛ་དྲག་དང་ནུས་པ་ཞན་པའི་ཉེན་ཁའི་གནས་བབས་སུ་གྱར་གྱི་ཡོད། དེ་བཞིན་ད་ལྟའི་བརྟན་ལྷིང་སྲུང་སྟངས་ཀྱི་གཞི་སྒྲོམ་དེར་མི་རྒྱུའི་འགྲོ་གྲོན་ཤིན་ཏུ་ཆེན་པོ་གཏོང་དགོས་ཆགས་བསྡད་ཡོད།

ས་མིག་སྟོང་པམེད་པ་དངབརྒྱ་ཁ་གཅིག་ཆོདསོགས་ཀྱི་ཚབས་ཆེའི་གནོན་ཤུགས་ཀྱིས་རྐྱེན་པས་ས་གནས་སྲིད་གཞུང་ཁག་ཏུབརྟན་སྲུང་ལས་ཁངདངཕྱོགས་སྐྱོང་ལས་ཁངསོགས་ཐོད་བརྒལ་ཚན་པ་གསར་འཛུགས་མི་བྱ་ཀ་མེད་ཆགས་ཡོད། གལ་ཏེ་ཛ་དྲག་དུས་བབས་བམ་ཛ་དྲག་དོན་རྐྱེནའཕྲད་ཚེ། ཁྱབ་ཆེ་བའི་སྐུལ་སློང་བརྒྱུད་ལས་ཁུངས་ཡོད་དོ་ཅོག་གཡུལ་སར་ཐོན་ཏེས་ཁོངས་ཀྱི་བདེ་འཇགསསྲུང་གང་ཐུབ་བྱེད་ཀྱི་ཡོད། ཐ་ན་ས་ཁུལ་འགའ་རུ་བརྟན་སྲུང་གིས་སྲིད་གཞུང་རྒྱུན་ལྡན་ལས་ཀར་ཤུགས་རྐྱེན་སྤྲད་དེཡོད་ཚད་བརྟན་སྲུང་ལ་བསྟུན་དགོསཞེས་པ་ནི་ས་གནས་མང་པོར་ཐོན་མྱོང་བའི་དོན་དངོས་སྲིད་སྐྱོང་ཚུལ་ཀྱི་གནད་དོན་ཞིག་རེད།
འདི་ལོའི་ཚོགས་ཆེན་གཉིས་ཀྱི་ཐོག་སྒྲོན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཐོའི་ནང་༢༠༠༩ལོར་རང་རྒྱལ་གྱི་སྤྱི་པའི་བདེ་འཇགས་ཁྱབ་ཁོངས་ལ་ནོར་སྲིད་གྲོན་དངུལ་བརྒྱ་ཆ་༡༦འཕར་སྣོན་བྱས་ཡོད་ཅེས་གསལ་བརྗོད་བྱས་ཡོད་པ་དང། ད་ལོ་ཡང་འཕར་སྣོན་བརྒྱ་ཆ་ ༨་༩བྱས་ཡོད་པ་དེ་རྒྱལ་སྲུང་འགྲོ་གྲོན་ལས་འཕར་ཚད་མཐོ་བ་ཆགས་ཏེ་སྤྱིའི་བསྡོམ་འབོར་ཧ་ལམ་རྒྱལ་སྲུང་གྲོན་དངུལ་དང་ཉེ་བར་སླེབས་ཀྱི་ཡོད་པ་སྟེ་མི་དམངས་ཤོག་སྒོར་དུང་ཕྱུར་༥༡༤༠ཙམ་ཟིན་གྱི་ཡོད་པ་རེད།
ཆེད་དོན་ཚན་པའི་མཁས་དབང་གི་ངོས་འཛིན་དུ། གལ་ཏེ་ད་ལྟའི་བརྟན་སྲུང་ལས་ཀའི་བྱེད་ཕྱོགས་དེར་བསྒྱུར་བཅོས་མི་བྱས་ཚེ་མ་འོངས་བརྟན་སྲུང་མ་དངུལ་འདི་རིམ་པ་ཁག་གི་ས་གནས་སྲིད་གཞུང་དང་སྤྱི་ཚོགས་ཡོངས་ཀྱི་ཉིན་བཞིན་ཇེ་ལྕིར་འགྲོ་རྒྱུའི་འཁུར་པོ་ཞིག་ཆགས་རྒྱུ་ཡིན་པ་ལས་མ་འདས།
དེ་བཞིན་མིག་སྔའི་བརྟན་སྲུང་བྱེད་སྟངས་དེར་མ་དངུལ་འཕར་མ་ཕོན་ཆེན་གཏོང་དགོས་པ་མ་ཟད། དེས་སྤྱི་ཚོགས་ཀྱི་འཁྱོག་དྲང་དབྱེ་འབྱེད་འདུ་ཤེས་དང༌། བདེན་པའི་འདུ་ཤེས་སོགས་ཀྱི་རིན་ཐང་ལས་སེམས་ཁམས་ལ་གཏོར་སྐྱོན་བཏང་སྟེ་སྲིད་གཞུང་གི་དྲང་གཞག་ཀུན་སྤྱོད་ཐད་ཀྱི་གཟུགས་བརྙན་རྣམས་ཉམས་ཉེས་སུ་གཏོང་བཞིན་ཡོད་པ་དང༌། སྤྱི་ཚོགས་ཀྱི་དྲང་བདེན་ལ་སྐུལ་སྤེལ་གཏོང་རྒྱུ་མེད་ཁར་དེ་ལས་ལྡོག་སྟེ་སྤྱི་ཚོགས་ཀྱི་རྨང་གཞིའི་སྒྲིག་སྲོལ་དང་སྤྱི་ཚོགས་ཀྱི་རིན་ཐང་མ་ལག་གི་ཚད་འཛིན་དཔེ་མཚོན་རྣམས་མྱུར་ཚད་མགྱོགས་པོས་གཏོར་བརླག་གཏོང་བཞིན་ཡོད།
རྒྱང་རིང་ནས་གླེང་ན་དེ་བས་ཕན་ཐོགས་མེད་པ་སྟེ། ཁྲོམ་རའི་དཔལ་འབྱོར་ཇེ་ལེགས་སུ་གཏོང་ཆེད་དང་འཆམ་མཐུན་སྤྱི་ཚོགས་ལ་དགོས་ངེས་ཀྱི་གལ་ཆེའི་བསྒྱུར་བཅོས་རྣམས་དུས་རྟག་ཏུ་བརྟན་ལྷིང་མི་ཡོང་བའི་སེམས་ཁྲལ་གྱིས་རྐྱེན་པས་མཐོ་སར་བསྐོན་ནས་བཞག་སྟེ་ནར་འགྱངས་ཁོ་ན་བྱེད་པ་དེ་རེད། སྲིད་ཇུས་དང་བྱེད་ཐབས་ཁག་ཅིག་གིས་དུས་ཐུང་ནང་ཁེ་ཕན་སྐོར་གྱི་འཁྲུག་ཟིང་ངེས་ཅན་ཞིག་སློང་སྲིད་ལ་སྤྱི་ཚོགས་ཟང་ཟིང་ངེས་ཅན་ཞིག་ཀྱང་ཐོན་སྲིད། འོན་ཀྱང་རྒྱང་མིག་བལྟས་ན་བྱེད་ཐབས་དེ་ཚོས་སྤྱི་ཚོགས་ཁྲོད་ཀྱི་ཁེ་ཕན་འབྲེལ་བར་འགྲིག་འཇགས་ཡོང་རྒྱུའི་ཕན་ནུས་ལྡན་ཡོད། ད་བར་རྟག་ཏུ་ཟུར་འཕུད་བཏང་རྐྱེན་གྱིས་དགོས་ངེས་སྒྱུར་བཅོས་བྱེད་ཐབས་འགའི་གོ་སྐབས་ཤོར་སོང་བ་དང༌། ཡང་ལྕི་དོ་སྙོམས་མེད་པའི་ཁེ་ཕན་གྱི་ཧེ་བག་ཡུན་རིང་བཅོས་སྒྲིག་ནུས་ལྡན་བྱེད་ཐུབ་མེད་པ། ཁེ་ཕན་ཐོབ་ཟིན་པའི་ཕྱོགས་གཏོགས་རྣམས་ཉིན་བཞིན་སྟོབས་རྒྱས་ཏེ་ཐ་ན་སྤྱི་ཚོགས་ཀྱིས་ཀྱང་ཁོ་ཚོར་དགོས་ངེས་ཀྱི་སྟངས་འཛིན་བྱེད་ཐབས་ཟད་པ་ལྟ་བུ་ཆགས་ཡོད།


སྤྱི་ཚོགས་འཁྲུག་ཟིང་གི་རྒྱབ་ངོས་སུ་ཁེ་ཕན་མངོན་སྟངས་ཀྱི་སྒྲིག་གཞིར་ནད་སྐྱོན་ཡོད་པའི་རྐྱེན་ལ་ཐུག་ཡོད།

ཆེད་དོན་ཚན་པའི་མཁས་དབང་གི་བརྗོད་ན། ཉེ་བའི་ལོའི་ནང་རྒྱལ་ཡོངས་སྤྱི་ལ་གཡོ་འགུལ་ཐེབས་པའི་སྤྱི་པའི་དོན་རྐྱེན་ནམ་གྱོད་གཞི་འདྲ་མིན་ཕོན་ཆེན་ཐོན་པ་ཚང་མ་གོང་གསལ་གནད་དོན་དང་འབྲེལ་བ་ཆགས་ཡོད། དེའི་རྒྱུ་མཚན་ནི། ད་ཡོད་ཀྱི་བརྟན་སྲུང་ཐབས་ལམ་འདིའི་སྔོན་འགྲོའི་ཆ་རྐྱེན་ནི་ལུགས་མཐུན་གྱི་ཁེ་དབང་མངོན་འདོད་ལ་བཀག་འགོག་ཁོ་ན་བྱེད་བཞིན་ཡོད་པ་དེར་ཐུག་ཡོད། སྤྱོད་ཚུལ་འདི་གཞི་རིམ་སྲིད་གཞུང་གི་ལས་ཀའི་སྤྱོད་ཚུལ་ཁྲོད་ཁ་གསལ་མངོན་བཞིན་ཡོད།
ཉེ་དུས་ཐོན་པའི་བྱུང་བའི་སྤྱི་ཚོགས་འགལ་ཟླ་དང་འཁྲུག་ཟིང་ཁྲོད། གཞུང་གིས་སྒེར་པའི་ས་ཆ་བསྡུ་བཀོལ་དང༌། རྙིང་བཤིག་གསར་སྤོ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད། ལས་བཟོ་པའི་ཁེ་དབང་སོགས་འབྱུང་རྩ་གཙོ་བོ་ཡིན་ཅིང། ཚོད་དཔག་བྱེད་བདེ་བ་ནི་དོན་དངོས་ཁྲོད་ཀྱིས་འགལ་ཟླ་དང་འཁྲུག་ཟིང་དེ་ཚོ་རྩ་བའི་ཆ་ནས་ཁེ་ཕན་གྱིས་རྐྱེན་ནས་ཐོན་པའི་གནད་དོན་ཡིན་པ་དང། མི་དམངས་ནང་ཁུལ་གྱི་འགལ་ཟླར་འདུས་པའི་ཁེ་ཕན་རྐྱེན་གྱི་འཁྲུག་ཟིང་དང་ཁེ་ཕན་རྐྱེན་གྱི་འགལ་ཟླའི་ཁྱབ་ཁོངས་ཡིན། ང་ཚོས་ཁེ་ཕན་གཞི་རྩར་འཛིན་པའི་འཁྲུག་ཟིང་རིགས་ནི་གནས་ལུགས་ལྡན་པའི་འཁྲུག་ཟིང་ཡིན་པར་ངོས་འཛིན་བྱེད་ཐུབ་དགོས། འོན་ཀྱང་དུས་ཡུན་རིང་པོའི་ནང་འབྲེལ་ཡོད་ཚན་པས་འགལ་ཟླ་འདེའི་རིགས་ཚང་མ་དུས་རྟག་ཏུ་ཆབ་སྲིད་དམ་ལྟ་གྲུབ་རང་བཞིན་ཏུ་ངོས་འཛིན་ཏེ་རྨང་གཞིའི་ལམ་ལུགས་དང་བརྟན་ལྷིང་ལ་གནོད་པའི་ཆབ་སྲིད་གནད་དོན་ལ་མ་འཚམས་བཞིན་དུ་བཀོལ་ཀྱིན་ཡོད་པ་རེད། ཆབ་སྲིད་ཀྱིས་འགལ་ཟླ་དང་ཆོས་ལུགས་ཀྱིས་འགལ་ཟླ། དེ་བཞིན་ལྟ་བ་ལྟ་གྲུབ་ཀྱིས་འགལ་ཟླའི་རིགས་རྒྱུན་ལྡན་འགྲིག་འཆམ་དཀའ་ཡང་ཁེ་ཕན་གྱི་འགལ་ཟླར་གྲོས་མོལ་དང་གུ་བཤངས་གོང་ཚད་འགྲིག་ཆགས་སོགས་ཀྱི་རྣམ་སྤྱོད་ཐབས་ལམ་བརྒྱུད་ཐག་གཅོད་བྱེད་ཐུབ། འགལ་ཟླ་དེ་རིགས་ནང་སྤྱི་ཚོགས་དུས་ཟིང་ཆེན་པོ་སློང་སྲིད་པའི་རྒྱུ་རྐྱེན་ཧ་ཅང་ཉུང་ཉུང་ལས་མེད། དེར་བརྟེན་ད་ལྟའི་བརྟན་སྲུང་ཐད་བློ་ཁ་ཕྱོགས་སྟངས་ཀྱི་ནོར་འཁྲུལ་ཆེ་ཤོས་ཤིག་ནི་དམངས་ཀྱིས་ཁེ་ཕན་མངོན་ཚུལ་དང་སྤྱི་ཚོགས་བརྟན་སྲུང་གཉིས་ཁ་གཏད་དུ་ངོས་འཛིན་ཏེ་འབངས་ཀྱི་ལུགས་མཐུན་གྱི་ཁེ་ཕན་འབོད་སྒྲའམ་མངོན་ཚུལ་དག་བརྟན་བཤིག་གི་རྒྱུར་ངོས་བཞིན་པ་དེ་རེད།
དེང་སྐབས་ཀྱི་བརྟན་སྲུང་ཤུགས་རྐྱེན་འོག། དྲག་གནོན་དང་ཉམ་ཐག་ཁྱུ་ཚོགས་ཀྱི་ཁེ་ཕན་མངོན་འདོད་བརྩི་མེད་གཏོང་བ་བརྒྱུད་དུས་ཐུང་ནང་སྤྱི་ཚོགས་བརྟན་ལྷིང་མངོན་འགྱུར་བྱེད་ཚུལ་ནི་གང་ས་གང་དུ་སྤྱོད་བཞིན་པའི་སྤྱོད་ཚུལ་ཞིག་རེད། དེའི་མཇུག་འབྲས་ནི་ནད་ཀྱི་ཕྱི་ཙམ་མ་གཏོགས་རྩ་བར་སྨན་སྦྱིན་མེད་པ་མ་ཟད་ཁེ་ཕན་ཧེ་བག་གྱེས་ཟིན་པའི་གནས་བབ་ལ་སྲུང་སྐྱོབ་ཀྱི་ནུས་པ་ཐོན་གྱི་ཡོད་པ་དང༌། ཐ་ན་སྤྱི་ཚོགས་ཉིད་ཀྱི་དྲང་བདེན་ལ་ཡང་གཏོར་བཤིགས་ཚབས་ཆེན་ཕོག་གི་ཡོད་པ་རེད།
བརྟག་དཔྱད་འབོར་ཆེན་བྱས་པའི་འབྲས་བུར་གཞིགས་ན། འགལ་ཟླ་དང་འཁྲུག་ཟིང་ཕོན་ཆེན་གྱི་རྒྱབ་ངོས་སུ་ཁེ་ཕན་མངོན་སྟངས་ཀྱིས་སྒྲིག་གཞིར་ནད་སྐྱོན་ཡོད་པའི་རྐྱེན་ལ་ཐུག་ཡོད། གལ་ཏེ་ཁེ་ཕན་སྙོམས་མེད་དང་སྤྱི་ཚོགས་དྲང་བདེན་སྒྲིག་གཞིར་རྩ་བ་རང་ནས་ཐག་གཅོད་མི་བྱེད་པར་བརྟན་སྲུང་མིང་ཐོག་ནས་ཁྲིམས་མཐུན་གྱིས་ཁེ་ཕན་མངོན་འདོད་ལ་ལྐུག་པ་ཨུ་ཚུགས་ཀྱིས་བཀག་འགོག་ཁོ་ན་བྱས་ནས་བསྡད་ན་འགལ་ཟླ་ཕོན་ཆེན་འཕུང་གསོག་ཐེབས་རྒྱུ་དང་འཁྲུག་ཟིང་རྒྱ་བསྐྱེད་ཕྱིན་ཏེ་སྤྱི་ཚོགས་དེ་བས་བརྟན་ལྷིང་ཡོང་མི་སྲིད།
གོང་གནད་ལ་དམིགས་ཏེ་སྙན་ཐོས་བརྟན་སྲུང་གི་བློ་སྒོ་འཆང་ཕྱོགས་གསར་པའི་འགག་གནད་མཁོ་བཏོན་ཞུས་པ་སྟེ། སྲིད་གཞུང་གི་འགན་ནུས་ལ་བསྒྱུར་བ་བཏང་ཏེ་ཚོད་མཚམས་་ཡོད་པའི་སྲིད་གཞུང་ཞིག་སྐྲུན་དགོས་པ་དང༌། སྤྱི་ཚོགས་འགལ་ཟླའི་ནང་སྲིད་གཞུང་ཁ་གཏད་དམར་རྗེན་གྱིས་གནས་སུ་མི་གྱར་བ་བྱས་ནས་སྲིད་གཞུང་ནི་སྒྲིག་སྲོལ་དང་གོ་རིམ་གཏན་འཁེལ་བྱེད་མཁན་ཡིན་པའི་ཆ་ནས་འགལ་ཟླ་དག་སེལ་དང་རྩོད་གཞི་བར་དུམ་བྱེད་མཁན་གྱིས་གནས་བབ་བཟུང་རྒྱུར་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་འགལ་ཟླ་དང་འཁྲུག་ཟིང་ཐག་གཅོད་བྱེད་མཁན་གྱི་ཁྲིམས་སྐྱོང་སྒྲིག་གཞི་འཐུས་ཚང་གཏོང་རྒྱུར་ཤུགས་སྣོན་རྒྱབ་སྟེ་ཁྲིམས་ཀྱི་བཅོས་སྐྱོང་ནི་སྤྱི་ཚོགས་ཁྲོད་ཀྱི་འགལ་ཟླ་འཁྲུག་ཟིང་རྣམས་ཡུན་རིང་ནུས་ལྡན་ཐག་གཅོད་བྱེད་མཁན་ཡིན་པའི་ལམ་ལུགས་ཅན་གྱི་བྱེད་ཐབས་ཤིག་ཆགས་ཐུབ་པ་བྱེད་དགོས། ཁྲོམ་རའི་དཔལ་འབྱོར་གྱི་གནས་སྟངས་འོག་ཁེ་ཕན་སྤྱི་སྙོམས་ཀྱི་སྒྲིག་གཞི་འཛུགས་དགོས་པ་དང༌། མིག་སྔའི་སྤྱི་ཚོགས་ཁྲོད་ཁེ་ཕན་ཧེ་བག་ཚབས་ཆེན་བར་ཁྱད་ཕྱིན་པའི་གནས་བབ་ལ་འགྱུར་ལྡོག་གཏོང་དགོས་པ་མ་ཟད།སྤྱི་ཚོགས་ལ་བློ་ཡི་མི་ཚིམས་མཁན་ཚོའི་ཁྲོ་རླུང་ཕྱིར་འདོན་བྱེད་སའི་ལམ་ལུགས་ཅན་གྱི་ཐོན་ལམ་བསྐྲུན་སྟེ་དམངས་ཁྲོད་ཀྱི་སྒྲིག་འཛུགས་ཁག་སྐྱེ་འཕེལ་ཡོང་རྒྱུར་སྐུལ་ལྕག་བཏང་ནས་སྤྱི་ཚོགས་འགལ་ཟླ་དང་སྤྱི་ཚོགས་འཁྲུག་ཟིང་སོགས་ཞི་འགྲིག་བྱེད་མཁན་སྤྱི་ཚོགས་རང་བཞིན་ཅན་གྱི་མ་ལག་ཞིག་ཆགས་ཐུབ་པ་བྱེད་དགོས།
གཏན་འབེབས་ཅན་དང་སྟངས་འཛིན་ཅན་གྱི་འདོད་ཚུལ་མངོན་སྟངས་དེས་སྤྱི་ཚོགས་བརྟན་ལྷིང་ལ་ཐེབས་སྲིད་པའི་ཤུགས་རྐྱེན་དང་བག་ཆགས་རིགས་གཏན་འབེབས་དང༌། སྟངས་འཛིན་མེད་པའི་མངོན་སྟངས་དང་བསྡུར་ན་ཧ་ཅང་གི་ཆུང་བ་ཡོད་པ་ནི་ཧ་གོ་དོན་གསལ་གྱི་གནད་དོན་ཞིག་རེད། སྤྱི་ཚོགས་ཀྱི་འགལ་ཟླ་འཁྲུག་ཟིང་ཐག་གཅོད་བྱེད་པའི་འཇོན་ནུས་མཐོ་རུ་གཏོང་རྒྱུར་ཁྲིམས་སྐྱོང་འཛུགས་སྐྲུན་ལྟེ་བར་བརྩི་དགོས་པ་དང༌། ལྷག་པར་དུ་རྨང་གཞིའི་ལམ་ལུགས་དང་རྨང་གཞིའི་སྒྲིག་སྲོལ་གྱི་འཛུགས་སྐྲུན་དང་ལག་ལེན་དུ་གཞོལ་རྒྱུར་ནན་སྐུལ་བྱེད་དགོས། དེ་རིགས་ཀྱིས་ཁེ་ཕན་མངོན་ཚུལ་གྱི་ཁྲིམས་མཐུན་རང་བཞིན་ལ་ཁས་ལེན་ཞུ་དགོས། དེ་ལྟར་བྱས་ན་གཞི་ནས་ཁྲིམས་ལུགས་དང་ཁྲིམས་སྲོལ་བརྒྱུད་རིམ་བཞིན་དེ་ཚོར་གཏན་འབེབས་བཟོ་ཐུབ་ལ་གོ་རིམ་ཁ་གསལ་དང་ཚད་འཛིན་ཁྱབ་ཁོངས་སོགས་གསལ་པོ་བཟོ་ཐུབ།

"བརྟན་ལྷིང་མེད་པའི་འཁྲུལ་སྣང་" དོར་དགོས།

ཆེད་དོན་ཚན་ཁང་ནས་འབོད་སྐུལ་ཞུས་པར། དེ་རེང་ཁ་སང་གང་ས་གང་དུ་བཅངས་བཞིན་པའི་བརྟན་ལྷིང་མེད་པའི་འཁྲུལ་སྣངདེ་དོར་ཐུབ་པ་བྱེད་དགོས། དེའི་གོ་དོན་ནི། ཧབ་སྟེ་བལྟས་ན་སྤྱི་ཚོགས་ཀྱི་འགལ་ཟླ་དང་འཁྲུག་ཟིང་རྣོ་ངར་ཇེ་ཆེར་འགྲོ་བཞིན་ཡོད་པ་དང༌། དངོས་ཡོད་གནས་སྟངས་ཁྲོད་སྤྱི་ཚོགས་བརྟན་ལྷིང་ལ་ཚབས་ཆེའི་ཉེན་ཁ་འཕྲད་བཞིན་ཡོད་པའི་ཚོར་སྣང་དེར་ཟེར།
ང་ཚོའི་ངོས་འཛིན་དུ། མ་གཞི་མིག་སྔར་རང་རྒྱལ་ལ་དཔེར་ན་རུལ་སུངས་དང་དབུལ་ཕྱུག་སོགས་པའི་་འགལ་ཟླ་འཁྲུག་ཟིང་གི་གནད་དོན་མང་པོ་ལྷག་བསྡད་ཡོད། འོན་ཀྱང་སྤྱི་ཡོངས་ནས་བརྗོད་ན་ སྤྱི་ཚོགས་ལ་ཚབས་ཆེའི་ཉེན་ཁ་སྤྲོད་པའམ་གཡོ་འཁྱོམ་ཆེན་པོ་ཐེབས་སྲིད་པའི་ཉེན་ཁའི་རང་བཞིན་དེ་ཙམ་ཆེན་པོ་མེད། དེང་སྐབས་ལས་ཁུངས་དང་ཚན་པ་མང་པོར་བརྟན་ལྷིང་ལ་གནོད་པའི་རྒྱུ་རྐྱེན་བཤེར་ཆེད་ཀྱི་རེའུ་མིག་འདྲ་མིན་ཡོད་པའི་ནང་རྒྱུན་ལྡན་འཚོ་བའི་ཁྲོད་སྤྱིར་བཏང་བརྟན་ལྷིང་གནད་དོན་དང་འབྲེལ་བ་ཏིལ་འབྲུ་ཙམ་མེད་པའི་འགལ་ཟླ་འཁོན་འཛིན་སོགས་པའི་རྩོད་གཞི་རྣམས་ཐོ་བཀོད་བྱེད་ཀྱི་ཡོད་པ་མ་ཟད། ཐ་ན་སློབ་འབྲིང་ལ་ཡང་ནང་དོན་ཁ་སྐོང་མང་པོ་བྱེད་དགོས་པའི་ཞིབ་བཤེར་རེའུ་མིག་བཀྲམས་ཏེ་སློབ་མ་ཕན་ཚུན་གྱི་འགལ་ཟླ་དང་སློབ་ཕྲུག་གིས་ཟས་ལ་མི་འདོད་པའི་རྣམ་འགྱུར་སོགས་བརྟན་ལྷིང་ལ་གནོད་པའི་རྒྱུ་རྐྱེནདུ་བརྩིས་ནས་ཐོ་བཀོད་བྱེད་ཀྱི་ཡོད་པ་རེད། དེ་ལྟར་ཐོ་བཀོད་བྱས་པའི་གྲངས་འབོར་ལ་བསྡོམས་བརྒྱབ་ན་ཧ་ལས་དགོས་པའི་བསྡོམས་འབོར་ཞིག་ཐོབ་རྒྱུ་ཡིན་པ་ནི་བརྗོད་མི་དགོས་པ་རེད།
སྤྱི་ཚོགས་ཀྱི་འཁྲུག་ཟིང་ལ་ནུས་ལྡན་བྱེད་ཐབས་འདང་གི་མེད་པའི་རྐྱེན་གྱིས་སྤྱི་ཚོགས་འགལ་ཟླ་དང་འཁྲུག་ཟིང་རིམ་པས་ཚོར་བ་རྣོ་བའི་སྣང་ཚུལ་ཞིག་ཆགས་འགྲོ་ཡི་ཡོད་པ་དང༌། མཚམས་རེ་སྤྱིར་བཏང་གི་གྲོས་མོལ་དང་གོ་བསྡུར་ཡང་མཚམས་འཇོག་བྱེད་དགོས་ཡོང་གི་ཡོད་པ་རེད། དེ་འདྲའི་འཚབ་སྣང་རང་བཞིན་ཏེ་ཚང་མ་བྱ་དངོས་ཉིད་ལས་བྱུང་བ་ཞིག་མ་ཡིན་པར་གཙོ་བོ་ང་ཚོར་གནད་དོན་ཐག་གཅོད་བྱེད་པའི་ནུས་ལྡན་ཐབས་ལམ་མ་འདང་རྐྱེན་གྱིས་བྱེད་ཐབས་ཟད་པའི་ཚོར་སྣངཅིག་སྐྱེ་ཡི་ཡོད་པ་རེད། ད་ཡོད་བརྟན་སྲུང་གི་འཆར་སྒོའི་འཆང་སྟངས་དང་བྱེད་ཐབས་ལས་ཐོན་བཞིན་པའི་ནུས་པས་རང་གི་རང་ལ་དངངས་འཚབ་དང་སོ་སོས་སོ་སོར་འཇིགས་སྣང་སྐྱེ་དགོས་པའི་ངན་འབྲས་ཤིག་སྐྲུན་བཞིན་ཡོད།
མཁས་དབང་གིས་སྔོན་དཔག་བྱས་པར། སྤྱི་ཚོགས་རིམ་པ་ཁག་ལ་ཁྲིམས་མཐུན་ངང་རྣམ་པ་འདྲ་མིན་ཐོག་ནས་ལུགས་མཐུན་ཁེ་ཕན་སྣ་ཚོགས་མངོན་ཆོག་པའི་རྒྱལ་སྒོ་ཞིག་ཕྱེ་ན། ལྷག་པར་དུ་གཏན་འབེབས་རང་བཞིན་བེད་སྤྱད་ནས་སྡེ་ཚོགས་ངོ་བོའི་ཁེ་ཕན་མངོན་འདོད་མངོན་ཆོག་པ་ཆགས་སྐབས། རང་རྒྱལ་གྱི་སྤྱི་ཚོགས་འདིར་གློག་གིས་ཁྲོན་པས་འོག་ཆུ་ས་སྟེང་ཏུ་ཧབ་འདྲེན་བྱས་པ་ལྟ་བུའི་སྤྱི་ཚོགས་འགལ་ཟླ་དང་འཁྲུག་ཟིང་གིའབུར་འཐོན དུས་ཤིག་ལ་གདོང་གཏུགས་བྱེད་དགོས་ཆགས་ཀྱི་རེད། དེ་ཡང་ལམ་ལུགས་ཅན་འཛུགས་སྐྲུན་ལ་བསམ་བློ་གཏོང་སྐབས་མི་རྣམས་སེམས་ཁྲལ་བྱེད་མུས་ཀྱིས་གནད་དོན་ཞིག་རེད།
དོན་དེར་ཆེད་དོན་མཁས་དབང་གི་ངོས་འཛིན་ལ། གཅིག་ནས་ལྷོད་གཡེང་བྱེད་མི་རུང་ལ་གཉིས་ནས་ཐམས་ཅད་དགྲ་ཁ་གཏད་ལ་ཡང་ངོས་འཛིན་དགོས་དོན་མེད། ཐོག་མར་ཤེས་དགོས་པ་ནིའབུར་འཐོནགནད་དོན་དེ་ལམ་ལུགས་ཅན་གྱིས་བཟོས་པ་ཞིག་མ་རེད་དེས་ཕྱིར་འདོན་བྱེད་སའི་ལམ་བུ་ཞིག་མཁོ་སྤྲོད་བྱས་པ་རེད། དེ་སྔ་སྦས་བཀབ་བྱས་ནས་བཞག་པའི་སྤྱི་ཚོགས་འགལ་ཟླ་རྣམས་གཏན་འབེབས་ཅན་གྱི་ཐབས་ལམ་བརྒྱུད་མངོན་བཅུག་པ་དང་བརྒྱུད་ལམ་དེར་བརྟེན་ནས་ནུས་ལྡན་ཐག་གཅོད་ཐུབ་པའི་གོ་སྐབས་ཤིག་རྙེད་སྲིད།
སྙན་ཐོས་ཕལ་ཆེར་ལྷག་སྲིད་པའི་སྤྱི་ཚོགས་དོགས་གཞིར་ཡང་སྔོན་དཔག་བྱས་ཡོད།་དཔེར་ན་ལམ་ལུགས་ཅན་གཏན་ཁེལ་བྱས་རྗེསཁྱབ་ཆེན་རྗེས་འབྲསཐོན་སྲིད་དམ་མི་སྲིད། ཁེ་ཕན་གཅིག་ཏུ་སྒྲིལ་རྒྱུར་སྐུལ་ལྕག་གཏོང་མཁན་གྱི་སྤྱི་ཚོགས་ཚོགས་པ་ཐོན་རྗེས་སྲིད་གཞུང་གིས་མི་དམངས་དང་ཡང་ནདམིགས་ཡུལ་གཞན་འཛིན་མཁནགྱིམི་ངན་ཉུང་ཤསབར་དབྱེ་འབྱེད་བྱེད་ཐུབ་བམ་མི་ཐུབ་སོགས། དོན་དངོས་ཐོག་དེ་ཡངབརྟན་ལྷིང་མེད་པའི་འཁྲུལ་སྣངགི་ཚོར་སྣང་ཅིག་རེད། ང་ཚོས་མཐོང་ཐུབ་དགོས་པ་ནི་དེ་རིང་རྒྱལ་དམངས་དཔལ་འབྱོར་མྱུར་ཚད་མཐོན་པོས་གོང་འཕེལ་ཕྱིན་པ་འདིས་ལམ་ལུགས་ཅན་གྱི་ཐབས་ལམ་བརྒྱུད་སྤྱི་ཚོགས་འགལ་ཟླ་སེལ་རྒྱུར་ཐོན་ཁུངས་མཁོ་བཏོན་བྱས་ཡོད་ལ། ཆབ་སྲིད་སྒྲོམ་གཞི་རྩ་བའི་ངང་བརྟན་པོ་ཡོད་པ་འདིས་སྤྱི་ཚོགས་འགལ་ཟླ་ཐག་གཅོད་དང་སྤྱི་ཚོགས་བརྟན་ལྷིང་འགན་སྲུང་བྱེད་རྒྱུར་ཆབ་སྲིད་ཀྱི་རྨང་གཞི་བཏིང་ཡོད། དེ་བས་གལ་ཆེ་བ་ཞིག་ནི་དཔལ་འབྱོར་གོང་འཕེལ་དང་འཚོ་བའི་ཆུ་ཚད་རིམ་བཞིན་ཇེ་ལེགས་སུ་འགྲོ་བའི་སྤྱི་ཚོགས་ཁྲོད་མི་སེམས་ལྷིང་འཇགས་ལ་འདོད་ཅིང་ཡོད། མ་གཞི་ཀྲུང་གོའི་ཁེ་ཕན་ཚོགས་ཁག་ཁྲོད་ཧེ་བག་གིས་བར་ཁྱད་ཧ་ཅང་ཆེན་པོ་ལྷག་ཡོད་པ་དང་སྤྱི་ཚོགས་འགལ་ཟླ་ཡང་ཧ་ཅང་གི་རྙོག་གྲ་ཚ་པོ་ཆགས་ཡོད་པ་རེད། འོན་ཀྱང་མི་མང་ཆེ་བས་འཁྲུག་འཛིངདང་ཟང་ཟིངགིས་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་བྱ་འདོད་མེད་པ་རེད།
སྙན་ཞུས་འབོད་སྐུལ་ཞུས་དོན། གང་ཐུབ་ཅི་ཐུབ་ཀྱིསའབུར་འཐོན་དུས་སྐབས་བདེ་ལེགས་བར་བརྒལ་ཡོང་ཆེད་དོན་དངོས་ལ་བསྟུན་ནས་བར་བརྒལ་བྱེད་ཐབས་བཏིང་ན་ཆོག། དཔེར་ནགནད་དོན་རྙིང་པར་ཐབས་ཤེས་རྙིང་པ་དང་གནད་དོན་གསར་པར་ཐབས་ཤེས་གསར་པལོ་རྒྱུས་ནང་ད་བར་ལུས་སྡད་པའི་འགལ་ཟླའི་གནད་དོན་ལ་སྤྱི་བསྡོམས་བྱས་ནས་ཐག་གཅོད་བྱེད་རྒྱུ། མ་འོངས་ཐོན་པའི་གྱོད་གཞི་གསར་པ་རེ་ཟུང་ལ་ལམ་ལུགས་ཅན་གྱི་འཆར་གཞི་བཀོལ་སྤྱོད་བྱེད་རྒྱུ། དེ་མིན་རིམ་པས་ཇེ་ལེགས་ཀྱིས་ཐབས་ལམ་སྤྱད་དེ་སྟེང་ནས་འོག་བར་གྱི་སྒྲི་གཞི་བཙུགས་ན་ཡང་ཆོག། སྤྱི་ཚོགས་དང་སྲིད་གཞུང་གི་གཟུགས་བརྙན་ལ་ལྡོག་ཕྱོགས་ཤུགས་རྐྱེན་ཅུང་ཆེ་བ་དང་ཁུངས་གཏོགས་མི་སྣ་ཅུང་ཉུང་བའི་སྤྱི་ཚོགས་འགལ་ཟླ་གདམས་ཏེ་ཆ་རྐྱེན་ཅུང་ལེགས་པའི་ས་ཁུལ་དུ་ལམ་ལུགས་ཅན་སྐྲུན་ཆེད་ཀྱིས་ཚོད་ལྟ་བྱས་ནས་གཞི་རིམདཔོན་རིགས་དང་འགལ་ཟླའི་ཕྱོགས་གཏོགས་ཁག་དེ་བཞིན་སྤྱི་ཚོགས་ཡོངས་ལ་སློབ་སྦྱོང་དང་རྒྱུས་ལེན་གྱི་དུས་རིམ་ཞིག་སྐྲུན་ན་འགྲིག
ཚང་མས་དོ་ཁུར་བྱེད་པ་ནི་ཡང་སྙིང་གང་ལ་ལམ་ལུགས་ཅན་གྱི་ཐག་གཅོད་ཟེར་བ་དེ་རེད། འདིར་གླེང་བཞིན་པའི་ལམ་ལུགས་ཅན་ཟེར་བ་ནི་དོན་དངོས་ཐོག་ཁྲིམས་ལུགས་ཅན་ལ་ཟེར་ཞིང་ཡོད་པ་རེད།

ད་ནས་བཟུང་དམངས་ཀྱིས་ཁེ་ཕན་མངོན་འདོད་དང་སྤྱི་ཚོགས་བརྟན་ལྷིང་གཉིས་ཁ་གཏད་དུ་ངོས་འཛིན་རྒྱུ་མེད།

བརྟན་སྲུང་ལས་ཀ་ནི་མཐའ་གཅིག་ཏུ་ཁེ་ཕན་འགལ་ཟླ་དང་འཁྲུག་ཟིང་མེད་པ་བཟོ་ཆེད་དུ་མིན་ལ་དེ་ལྟར་བཟོ་ཡང་ཐུབ་མི་སྲིད། དེས་གནད་དོན་དེ་རིགས་ལ་གཏན་འབེབས་བཟོས་ཏེ་ཐག་གཅོད་ཡོང་རྒྱུར་ལམ་ལུགས་ཅན་གྱི་འགྲོ་ལམ་དང་ཐབས་ལམ་ཞིག་མཁོ་སྤྲོད་ཐུབ་པའི་ཕན་ནུས་ཐོན་དགོས་པ་དེ་ཡིན། ཁྲོམ་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་ནུས་པ་ལྡན་པའི་ཁེ་ཕན་དོ་སྙོམས་སྟངས་འཛིན་གྱི་སྒྲིག་གཞི་འཛུགས་དགོས་པ་དེ་རེད།
སྒྲིག་གཞི་འདིར་ཡན་ལག་སྒྲིག་གཞི་དྲུག་འདུས་ཡོད་པ་སྟེ། དང་པོ་ཆ་འཕྲིན་བསྡུ་ལེན་གྱི་སྒྲིག་གཞི་ཡིན་ཅིང། དཔེར་ན་དམངས་ཀྱིས་གསང་བ་མིན་པའི་ཡིག་ཚགས་རིགས་ལ་བལྟ་ཆོག་པ་དང་སྲིད་ཇུས་གཏན་འཁེལ་བྱེད་སྐབས་ཉན་ཞུགས་ཆོག་པའི་དབང་ཆ་སོགས་ལ་འགན་ལེན་བྱེད་དགོས། ན་ནིང་འདི་ག་གསར་ཁང་ནས་ཧྭ་འར་པིང་གྲོང་ཁྱེར་གྱིས་ཆུ་གོང་ཉན་ཞུགས་འཐུས་མིའི་ཐོབ་ཐང་རྫུན་བཟོ་བྱས་པའི་སྐོར་ཡོངས་བསྒྲགས་ཐེར་འདོན་བྱས་པ་བརྒྱུད་འཐུས་མི་མཉམ་ཞུགས་བྱས་སྟབས་ཆུ་གོང་དྲང་བདེན་ཡིན་གྱི་རེད་སྙམ་སྟེ་ཡིད་ཆེས་ཁེངས་ཤིང་པའི་གྲོང་མི་དང་གསར་ལམ་ཁག་ཧང་སང་དགོས་བྱུང་ཡོད།
གཉིས་པ་ཁེ་ཕན་གཅིག་སྒྲིལ་གྱི་སྒྲིག་གཞི་ཡིན། མིག་སྔ་རང་རྒྱལ་དུ་སྡེ་ཚོགས་འདྲ་མིན་དང་རིམ་གྲས་འདྲ་མིན་ཡི་བར་ཁེ་ཕན་མངོན་གསལ་དོད་པོའི་བར་ཁྱད་མཆིས་ཡོད། ཁོ་པ་རང་ངོས་ནས་བརྗོད་ན་རྟག་ཏུ་འགྲིག་དང་ནོར་གྱི་དབྱེ་མཚམས་མེད། འོན་ཀྱང་གནད་དོན་ནི་ཁེ་ཕན་དོ་སྙོམས་མིན་པའི་གནས་བབ་འདེ་ལ་བསྟུན་ནས་ཐོན་པའི་ཞིང་པ་ལས་བཟོ་དང་ལས་ཤོར་བཟོ་པ་སོགས་ཉམ་ཐག་སྡེ་ཚོགས་དང་ཐོན་ཁུངས་ཕོན་ཆེན་བདག་བཟུང་བྱེད་བཞིན་ཡོད་པའི་སྟོབས་འབྱོར་སྡེ་ཚོགས་བར་དོ་སྙོམས་མིན་པའི་ཁེ་ཕན་མངོན་འདུན་གྱི་གནད་འགག་འདེ་ལ་ཐུག་ཡོད། དེར་བརྟེན་ཐུན་མོང་ཐོག་མངོན་འདོད་བཏོན་ཏེ་གྲོས་མོལ་ཞི་འགྲིག་བྱེད་རྒྱུ་སྟེ་ཉམ་ཐག་སྡེ་ཚོགས་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེན་པོ་ཆགས་ཡོད། ཁེ་ཕན་གྱི་རེ་འདུན་གཞི་གཅིག་ཏུ་སྒྲིལ་རྒྱུ་དང་ནུས་སྤུས་ལྡན་མིན་གྱི་འགག་རྩ་ནི་ཁེ་ཕན་རེ་འདུན་གཅིག་སྒྲིལ་ཕྱིར་མངོན་ཐུབ་པའི་ཚོགས་པའི་རྣམ་པ་ཆགས་ཐུབ་མིན་ལ་རག་ལས་ཡོད། ཁེ་ཕན་ལ་དོ་ཕོག་ཐེབས་མཁན་ཕྱོགས་གཏོགས་ཚོ་སྒེར་པ་དང་རྐྱང་པའི་གྱོད་གཞིའི་ངོར་བརྩི་སྐབས་ཁོ་ཚོའི་རེ་འདུན་སྲིད་གཞུང་གི་སྟེགས་བུའི་སྟེང་ཏུ་འཁྱོལ་ཏེ་ཐག་གཅོད་ཐུབ་རྒྱུ་ཧ་ཅང་གི་ཁག་པོ་རེད། ཉམས་མྱོངས་ཀྱིས་ཉེར་ལེན་ལ་གཞིགས་ན་གཅིག་སྒྲིལ་གྱི་ཁེ་ཕན་རེ་འདུན་རྣམས་གྲོས་མོལ་དང་བར་དུམ་སོགས་བརྒྱུད་དེ་ཐག་གཅོད་ཐོབ་སླ་པོ་ཡོད་པ་རེད།
གསུམ་པ། རེ་འདུན་མངོན་སྟངས་ཀྱི་སྒྲིག་གཞི་ཡིན།

བཞི་པ། གནོན་ཤུགས་སྤྲོད་པའི་བྱེད་ཐབསཡིན་ཞིང་མཁས་དབང་ཚོས་དེང་སྐབས་དར་ཆེ་བའི་དཔེ་མཚོན་སྟོན་པ་ནི་གསར་འགོད་གསར་ལམ་བཀོལ་སྤྱོད་བྱེད་རྒྱུ་དཻ་ཡིན།

ལྔ་པ། ཁེ་ཕན་གྲོས་མོལ་བྱེད་སྟངས་ཀྱི་སྒྲིག་གཞི་ཡིན།

དྲུག་པ། འདུམ་འགྲིག་དང་བར་དུམ་གཅོད་པའི་སྒྲིག་གཞི་བཅས་ཡིན།

མཐའ་མཇུག་དོན་ཚན་དྲུག་པའི་བར་དུམ་གཅོད་མཁན་ནི་སྲིད་གཞུང་དང་ཁྲིམས་འཛིན་སྡེ་ཚན་ཡིན་ཅིང༌། སྲིད་གཞུང་གིས་ཚང་མའི་འགན་ཐད་ཀར་འཁུར་དགོས་མེད། འོན་ཀྱང་གྲོས་མོལ་འགྲིག་ཆགས་སྒྲིག་གཞིར་གཏན་འབེབས་ནུས་པ་བཏོན་ན་འགྲིག། སྲིད་གཞུང་ནི་གྲོས་མོལ་གྱི་སྟེགས་བུ་མཁོ་འདོན་བྱེད་མཁན་ཡིན་ལ་གྲོས་མོལ་གྱི་གཏན་འབེབས་གཏན་འཁེལ་བྱེད་མཁན་ཡིན་པ་མ་ཟད་གྲོས་མོལ་འབྲས་བུ་མཇུག་སྐྱོང་ཐུབ་པའི་འགན་ལེན་བྱེད་མཁན་ཀྱང་ཡིན།
ཆེད་དོན་ཚན་ཁང་གི་མཁས་དབང་ནས་ནན་སྐུལ་ཞུས་དོན། སྲིད་གཞུང་གིས་ད་དུང་གཟབ་ནན་སྔོན་འགོག་བྱེད་དགོས་པ་ནི་སྒྲིག་གཞི་ཅན་གྱིལས་འགུལ་ལྟ་བུའི་བཅོས་སྒྲིགགིས་དོན་ངོ་མའི་ལམ་ལུགས་ཅན་འཛུགས་སྐྲུན་གྱི་ཚབ་མཚོན་བྱེད་དུ་འཇུག་རྒྱུ་མེད།
སྙན་ཞུས་འདི་གཉིས་བར་མི་འདྲ་བའི་ཁྱད་པར་ལ་འགྲེལ་བཤད་ཁ་གསལ་བྱས་དོན།་ལམ་ལུགས་ཅན་གྱི་ཉིང་དབུས་ནི་ཁྲིམས་སྐྱོང་ཡིན་པ་དང་སྒྲིག་གཞི་ཅན་གྱི་ཉིང་དབུས་ནི་མི་སྐྱོང་ཞེས་པའི་བརྒྱ་ཁ་གཅིག་ཆོད་ཡིན་ཅིང༌། ཁྲིམས་ལུགས་ཅན་གྱི་འགྲོ་སྟངས་ནི་ཁྲིམས་ལུགས་དབང་ཆའི་སྟེང་ཏུ་འཇོག་དགོས་ཡོད་པ་དང་སྒྲིག་གཞི་ཅན་གྱི་འགྲོ་སྟངས་ནི་དབང་ཆ་ཁྲིམས་ཀྱིས་སྟེང་ཏུ་འཇོག་ཚུལ་དེ་རེད། ལམ་ལུགས་ཅན་གྱི་འགག་རྩ་སྟེ་དབང་ཆ་སྐལ་བགོས་དང་བཏང་སྙོམས་སྟངས་འཛིན་བྱེད་རྒྱུ་དེ་ཡིན་པ་དང་སྒྲིག་གཞི་ཅན་གྱི་འགག་རྩ་སྟེ་ག་ཚོད་ཐུབ་ཐུབ་ཀྱིས་དབང་ཆ་གཅིག་བསྡུས་བྱེད་རྒྱུ་དེ་ཡིན། ལམ་ལུགས་ཅན་གྱི་འགྲོ་ལམ་ནི་ཁྲིམས་འཛིན་འཛུགས་སྐྲུན་དང་སྤྱི་ཚོགས་འཛུགས་སྐྲུན་ཡིན་པ་དང༌། སྒྲིག་གཞི་ཅན་གྱི་ཁྱད་རྟགས་ནི་སྲིད་གཞུང་ཚན་པ་དང་སྲིད་འཛིན་སྡེ་ཚན་ཚད་ལས་བརྒལ་པ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན། ལམ་ལུགས་ཅན་གྱིས་སྤྱི་ཚོགས་འགལ་ཟླ་སེལ་རྒྱུར་སྤྱི་ཚོགས་ཡོངས་ཀྱིས་མཉམ་བཞུགས་བྱེད་སྟངས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་དང༌། སྒྲིག་གཞི་ཅན་གྱི་སྤྱི་ཚོགས་འགལ་ཟླ་སེལ་རྒྱུར་སྲིད་གཞུང་ཉིད་ཀྱི་སྟོབས་ཤུགས་ཁོ་ནར་ཡིད་ཆེས་བྱེད་ཀྱི་ཡོད།
སྙན་ཞུས་བརྗོད་དོན། སྤྱི་ཚོགས་བཅོས་སྐྱོང་ཡག་པོ་བྱུང་མ་བྱུང་གི་ཁྱད་པར་ནི་སྤྱི་ཚོགས་ཁྲོད་འགལ་ཟླ་ཡོད་མེད་ལ་ཚད་འཛིན་བྱེད་རྒྱུ་མ་ཡིན་པར་ལམ་ལུགས་ཀྱིས་འགལ་ཟླ་དང་འཁྲུག་ཟིང་ལ་བཟོད་བསྲན་ཐུབ་མིན་ལ་རག་ལས་ཡོད། དོན་དངོས་ཐོག་ལམ་ལུགས་བཟང་པོ་ཞིག་ཡིན་ན་འགལ་ཟླ་འཁྲུག་ཟིང་རྩ་མེད་གཏོང་ཡུལ་དུ་ངོས་མ་འཛིན་པར་འགལ་ཟླ་འཁྲུག་ཟིང་འཇུ་ཐུབ་པ་མ་ཟད། ལམ་ལུགས་ཅན་གྱི་ཐབས་ལམ་བརྒྱུད་ཐག་གཅོད་བྱེད་རྒྱུ་དེ་ཡིན། འདི་ནི་ལམ་ལུགས་ཅན་འཛུགས་སྐྲུན་བྱེད་པར་གལ་འགངས་ཆེ་བའི་དམིགས་ཡུལ་གཉིས་ཡིན།
མཇུག་ཏུ་མཁས་དབང་ཚོས་སྲིད་བློན་ཝུན་ཅ་བའོ་ཡིས་ ༢༠༡༠ ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཐོགང་ཚོས་བྱས་པའམ་བྱེད་བཞིན་པ་ཐམས་ཅད་མི་དམངས་འཚོ་གནས་དེ་བས་བདེ་སྐྱིད་ཡོང་ཆེད་དང༌། དེ་བས་མིའི་ཆེ་མཐོང་ཡོང་ཆེད། སྤྱི་ཚོགས་དེ་བས་དྲང་བདེན་དང་དེ་བས་འཆམ་མཐུན་ཡོང་ཆེད་དུ་ཡིན་དགོསཞེས་པའི་གསུང་འཕྲིན་ལུང་འདྲེན་ཞུས་ཏེ་བརྟན་སྲུང་གི་བློ་སྒོ་འཇུག་ཚུལ་གསར་པ་ནི་རྩ་ཁྲིམས་ཀྱིས་སྤྱི་འབངས་ལ་སྤྲད་པའི་ཁྲིམས་མཐུན་དབང་ཆར་འགན་སྲུང་བྱེད་དགོས་པ་དང༌། དབང་ཆར་འགན་ལེན་བྱུང་ན་གཞི་ནས་དེ་དང་འཚམས་པའི་ཁེ་ཕན་སྐལ་བགོས་ཡོང་ཐུབ། ཁེ་ཕན་སྐལ་བགོས་བྱུང་ན་གཞི་ནས་སྤྱི་ཚོགས་བརྟན་ལྷིང་ཡོང་ཐུབ། དེ་ནི་སྤྱི་ཚོགས་བརྟན་ལྷིང་གི་གནད་དོན་རྩ་བ་ཉིད་ནས་ཐག་གཅོད་ཐུབ་པའི་བསྟན་བཅོས་ཡིན། དོན་སྙིང་དེའི་ཐོག་ནས་བཤད་ན་དམངས་ཀྱི་དབང་ཆ་སྲུང་རྒྱུ་ནི་བརྟན་སྲུང་ཡིན་པ་དང་དམངས་དབང་སྲུང་ན་གཞི་ནས་བརྟན་སྲུང་བྱེད་ཐུབ། ཅེས་སྙན་སྒྲོན་ཞུས་སོ།། །།

No comments:

Post a Comment

please write here .....