Wednesday, April 14, 2010

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་འགུལ་ཚད་ 7་1་ཙམ་བརྒྱབ་པ།

༄༅།  རྒྱལ་སྤྱིའི་གསར་ལམ་བརྒྱུད་ལམ་ཁག་དང་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པར་གཞིགས་ན།  ཕྱི་ཟླ་ 4་ ཚེས་  14་ བོད་ནང་གི་ཞོགས་དྲོའི་ཆུ་ཚོད་ 7།49་ དང་ 9།25 ཙམ་དུ་ས་ཡོམ་ཐེངས་གཉིས་འགུལ་ཚད་རིམ་པས་ 7་1་ཙམ་བརྒྱབ་སྟེ་མཚོ་སྔོན་ ཞིང་ཆེན་ཁོངས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་(སྐྱེ་རྒུ་མདོ་)ཁུལ་དུ་མི་གྲངས་ 400་ ལྷག་ལ་སྲོག་སྐྱོན་བྱུུང་བ་དང༌།  ཁྲི་ལྷག་ལ་རྨས་སྐྱོན་ཕོག་པ།  ཁང་པ་མང་ཆེ་བ་གཏོར་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག་ཅིང༌།   གསར་འགྱུར་བརྒྱུད་ལམ་ནང་མ་ ཐོན་པའི་གནས་ཚུལ་གོ་ཐོས་བྱུང་བར་ཉུང་མཐར་མི་གྲངས་ ཆིག་སྟོང་ལྷག་འདས་གྲོངས་སོང་ཟིན་ཡོད་པའི་གནས་ཚུལ་ཡོད་འདུག་   ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ཁྱོན་རྫོང་ཁག་དྲུག་ཡོད་པ་དང༌།   ཡུལ་ཤུལ་རྫོང་དང༌།  རྫ་སྟོད་རྫོང་།  ཁྲི་འདུ་རྫོང༌།  འབྲི་སྟོད་རྫོང༌།  ནང་ཆེན་རྫོང༌།  ཆུ་དམར་ལེབ་རྫོང་བཅས་ཡིན་ཅིང༌།  ཁྱོན་མི་འབོར་འབུམ་གཉིས་དང་ཁྲི་བདུན་ཙམ་ཡོད་པ་དང༌།  རྫོང་ཁག་དེ་དག་ནང་ནས་མི་འབོར་མང་ཤོས་ནི་ཡུལ་ཤུལ་རྫོང་དང་ནང་ཆེན་རྫོང་གཉིས་ཡིན་པ་རེད།   ཡུལ་ཤུལ་རྫོང་ལ་ཁྱོན་མི་འབོར་ཁྲི་བརྒྱད་ཙམ་ཡོད་ཚོད་འདུག་པ་དང༌།  ཚོད་དཔག་བྱས་པར་གཞིགས་ན།  ད་རེས་ས་ཡོམ་དེའི་ཁྲོད་བོད་མི་ཆིག་སྟོང་བརྒལ་བ་རྐྱེན་འདས་སོང་ཡོད་པར་ཚོད་དཔག་བྱ་གི་ཡོད་པ་དང༌།  བཙན་བྱོལ་བོད་གཞུང་ངོས་ནས་གངས་སྐྱིད་ལས་བྱེད་གསོལ་ཚང་དུ་གཞུང་ཞབས་ལས་བྱེད་རྣམས་མཉམ་འཛོམས་ཐོག་ཕྱི་དྲོའི་ཆུ་ཚོད་ 4།30་ ཐོག་སྨོན་ལམ་འདོན་གནང་ཡོད་པ་དང༌།  བཞུགས་སྒར་གཙུག་ལག་ཁང་དུ་ཚོགས་པ་ཁག་གི་འགོ་ཁྲིད་དེ་སྨོན་ལམ་འདོན་བཞིན་ཡོད་པ་རེད༎

No comments:

Post a Comment

please write here .....