
བཀྲིས་ཚེ་རིང་ལགས་ནི་དེ་སྔ་བཙོན་དུ་ཚུད་མྱོང་ཡོད་པ་མ་ཟད། རྒྱ་གར་དང་རྒྱ་ནག ཨ་རི་སོགས་སུ་སློབ་གཉེར་གནང་མྱོང་མཁན་ཞིག་ཡིན་ཅིང༌། བོད་དུ་ཕྱིར་ལོག་རྗེས་བོད་ལྗོངས་སློབ་གྲྭ་ཆེན་མོའི་དབྱིན་ཡིག་ཚན་ཁག་གི་སློབ་དཔོན་ཟུར་པ་ཞིག་ཡིན་པ་དང༌། ལས་འཁྱུར་ཞུས་རྗེས་གཞིས་རྩེ་དང་སྟོད་ཁུལ། གདམ་གཞུང་། ལྷོ་ཁ་སོགས་སུ་སློབ་གྲྭ་ཧ་ཅང་མང་པོ་གསར་རྒྱག་དང་། སློབ་གྲྭ་ཁག་ཅིག་ལ་མཐུན་རྐྱེན་སྦྱོར་སྤྲོད་བྱས་ཏེ་བོད་ཀྱི་སྐད་ཡིག་རིག་གཞུང་ཐོག་བྱས་རྗེས་རླབས་པོ་ཆེ་འཇོག་གནང་མཛད་མྱོང་ཡོད་པ་མ་ཙམ་དུ་མ་ཟད། ཁོང་གི་བརྩམས་ཆོས་རྩེ་ཕུད་གྲས་དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ནི་བོད་ཕྱི་ནང་གང་སར་སྐད་གྲགས་ཤིན་ཏུ་ཆེ་བའི་ཚིག་མཛོད་ཞིག་ཡིན་པ་དང༌། དེ་མིན་གྱི་བརྩམས་ཆོག་ཁག་མང་དག་ཞིག་ཡོད་འདུག་ ད་ྟའ་ཆར་དབྱིན་བོད་རྒྱ་གསུམ་གྱི་ཤན་སྦྱར་ཚིག་མཛོད་ཚིག་འགྲེལ་དང་བཅས་པའི་གློག་རྩུལ་ཚིག་མཛོད་ཅིག་མི་འགྱངས་པར་རྒྱལ་སྤྱིའི་ཁྲོམ་རར་འདོན་འཆར་ཡོད་འདུག ༎ གོང་གསལ་བོད་བསྒྱུར་བྱས་པའི་དཔེ་དེབ་འདིར་ཁྱོན་ཤོག་གྲངས་ 382 དང་། རིན་སྒོར་ 300 ཐོག་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་སྤུས་ཚོང་གནང་གཏན་འཁེལ་འདུག
No comments:
Post a Comment
please write here .....