Wednesday, December 16, 2009

ལྷ་སར་གནས་ཚུལ་གང་ཞིག་ཐོན་པ་ཡིན་ནམ།

བོད་རིགས་རྩོམ་པ་པོ་འོད་ཟེར་ལགས་ཀྱི་ཟིན་བྲིས་དྲ་བའི་སྟེང་གནས་ཚུལ་དང་གོང་གསལ་འདྲ་དཔར་ཁག་ཐོན་འདུག་ཅིང༌། དེ་ཉིན་རྒླལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་ལྷ་སར་གནས་ཚུལ་གང་ཞིག་བྱུང་བ་ཡིན་མིན་ཐད་འདྲི་རྟགས་དང་བཅས་འདྲ་དཔར་བཞི་ཙམ་འདེམས་བཀོད་བྱས་འདུག་པ་ལས་བཤུས་པ་ཡིན། སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་དེ་ལྟ་བུ་མང་པོ་ལྷ་ལྡན་གཙུག་ལག་ཁང་གི་སྒོ་འགྲམ་དུ་བཀྲམས་བཏང་ལ་བལྟས་པ་ཡིན་ན་ཏན་ཏན་ངོ་རྒོལ་གྱ་ལས་འགུལ་ཞིག་ཐོན་མེད་ཚེ་དོགས་ཡོད་ཀྱི་མི་སྣ་འཇུ་བཟུང་བྱ་གི་མེད་དམ་སྙམ་པ་ཞིག་འདུག གལ་སྲིད་རྒྱལ་སྤྱིའི་ལྟ་སྐོར་བ་ཞིག་ཡོང་གི་ཡོད་ཚེ་དམག་དཔུང་ཁྱོན་ཆེ་དེ་འདྲ་བཀྲམས་དགོས་དོན་ཡོད་མ་རེད། དེ་མིན་དེ་ཉིན་དེའི་ནང་རྒྱ་ནག་གཞུང་གི་དཔོན་རིགས་ཁག་ཅིག་ནས་གཙུག་ལག་ཁང་དུ་ལྟ་སྐོར་དུ་ཡོང་ཡོད་སྲིད་པ་རེད། དེ་མིནགནས་ཚུལ་དེ་ནི་དེ་ཉིན་སྐབས་དེར་ལྷ་སར་དངོས་སུ་ཡོད་པའི་བོད་མི་ཞིག་ནས་ཞལ་གསངས་ཏེ་གསུང་རྒྱུ་སྒུག་ནས་ཡག་ཤོས་སུ་མཐོང་གི་འདུག

No comments:

Post a Comment

please write here .....