Monday, October 19, 2009

ཆབ་སྲིད་བཙོན་པའི་དེབ་ཕྲེང་།


༄༅།  མི་ལོ་ཧྲིལ་པོ་ཉི་ཤུ་རྩ་བཞི་ལྷག་རྒྱ་ནག་དམར་པོའི་གཞུང་གི་བཙོན་ཁང་ནང་དཀའ་སྡུག་མྱངས་མྱོང་བའི་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་འདས་པོ་རྣམ་གྲྭ་ཟུར་པ་བྱམས་པ་ཕུན་ཚོགས་ལགས་ཀྱི་མི་ཚེའི་ལོ་རྒྱུས་ཞུམ་པ་མེད་པའི་མི་ཚེ་ཞེས་པའི་དེབ་ཕྲེང་འདི་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས་ 2009།9།27་ཉིན་དབུ་འབྱེད་བྱས་ཡོད་པ་རེད།  དེབ་འདིའི་ནང་ཐོག་མར་དམ་པ་དེ་སྐུ་ཚེ་མ་རྫོགས་གོང་ལོ་རྒྱུས་ཧྲག་བསྡུས་ཤིག་སྐད་འཁོར་ནང་བཅུག་ཡོད་ཀྱང་། མཇུག་འཁྱོངས་མ་ཐུབ་པར་ལོ་རྒྱུས་ཆ་ཚང་བཀོད་ཐུབ་མེད།  འོན་ཀྱང་ཁོང་ནི་ 1959་ལོ་ཙམ་མ་ཟད།  1988་ ལོའི་ལྷ་སའི་སྨོན་ལམ་ཆེན་མོའི་སྐབས་ཐོག་མར་སྐད་འབོད་གནང་སྟེ་སྐད་འབོད་འགོ་བཙུགས་གནང་མཁན་གཙོ་བོ་དེ་ཡིན་པ་རེད།  དེབ་འདིའི་ཁ་ཤོག་སྟེང་དུའང་ཁོང་ནས་ལྷ་སའི་གསུང་ཆོས་རྭ་བར་སྐད་འབོད་གནང་བཞིན་པའི་འད྄་དཔར་ཞིག་ཀྱང་འདེམས་བཀོད་ཞུས་ཡོད་་རེད༎

No comments:

Post a Comment

please write here .....