Monday, October 19, 2009

༸གོང་ས་མཆོགནས་ཐེ་ཝན་དང་སིང་གྷ་སྤུར་དད་ལྡན་པརགསུང་ཆོས་བསྩལ་གནང་བ།

༄༅། ཐེ་ཝན་དང་སིང་གྷ་སྤུར་ཁུལ་རྒྱ་རིགས་དད་ལྡན་པ་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུང་ཆོས་བཀའ་དྲིན་བསྐྱངས་ཡོད་པད་ང༌། ཟླ་ 10་ཚེས་ 15 ནས་ཚེས་ 18 བར་ཐེ་ཝན་ཁུལ་ནས་འབྱོར་བའི་ཆོས་ཞུ་བ་མི་གྲངས་ 907 དང་། ཕྱི་རྒྱལ་ཡུལ་གྲུ་མི་འདྲ་་ཁག་ 68 ནས་འབྱོར་བའི་ཕྱི་རྒྱལ་ད་ལྡན་པ་མི་གྲངས་ 1500 ལྷག བཞུགས་སྒར་དུ་གནས་འཁོད་སེར་སྐྱ་མི་གྲངས་སུམ་སྟོང་ལྷག་བཅས་ཁྱོན་ཐོ་འགོད་ཞུས་པམི་གྲངས་ 4333་ལྷག་ཙམ་དང༌། དེ་མིན་སྡོད་གནས་ཁེངས་ཏེ་ལག་འཁྱེར་བཟོ་མ་ཐུབ་པར་ལུས་པ་སོགས་ཁྱོན་མི་གྲངས་ 7000 ལྷག་ལ་ལམ་གཙོ་རྣམ་གསུམ་དང༌། བློ་སྦྱོང་དོན་བདུན་མ། ཐུགས་རྗེ་ཆེན་པོའི་བཀའ་དབང་སོགས་གསུང་ཆོས་བཀའ་ྲིན་བསྐྱངས་ཡོད་པ་དང༌། སླར་ཡང་སིང་གྷ་སྤུར་དད་ལྡན་པ་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཟླ་ 10 ཚེས་ 20 ནས་ 21 བར་བདེན་པ་བཞིའི་སྐོར་བཀའ་ཆོས་བཀའ་དྲིན་བསྐྱངས་གན་འཁེལ་ཡོད་པ་རེད༎

No comments:

Post a Comment

please write here .....