Tuesday, April 21, 2009

ཞི་བའི་ངོ་རྒོལ་བྱ་མཁན་གྱི་བོད་རིགས་བོུ་ན་གཞོན་གསུམ་ལ་ཁྲིམས་ཆད་ལྗིད་པོ་བཅད་པ།

༄༅། བོད་རང་སྐྱོང་ལྗོངས་ཞེས་པའི་ཁོངས་གཏོགས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པས་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༡ ཉིན་སྔ་ལོའི་ཕྱི་ཟླ་་ ༣ པའི་ཞི་རྒོལ་ནང་ཞུགས་མཁན་བོད་རིགས་བོུ་ན་གཞོན་གསུམ་ལ་ཁྲིམས་ཆད་ཧ་ཅང་གི་ལྗིད་་པོ་བཅད་པའི་གནས་ཚུལ་ཐོན་ཡོད་འདུག བོུ་གསུམ་པོ་དེ་དག་ནི་རང་ལོ་ ༢༡ དུ་སོན་པ་ས་སྐྱ་རྫོངཁོངས་འབྲོག་ར་ཤང་ནོར་བུ་གྲོང་ནས་ཡིན་པ་སྤེན་སྐྱིད་དང། རང་ལོ་ ༢༣ དུ་སོན་པ་སྐྱེས་ཡུལ་སྙེ་མོ་རྫོང་ཁོངས་མར་རྐྱང་ཤང་ཐང་སྟོད་གྲོང་ཚོ་ནས་ཡིན་པ་སྤེན་སྐྱིད། རང་ལོ་ ༢༠ སོན་པ་གཞིས་རྩེ་རྣམ་གླིང་རྫོང་རྣམ་གླིང་ཤང་ཞོལ་སྟོད་གྲོང་ཚོ་ནས་ཡིན་པ་འཆི་མེད་ལྷ་མོ་བཅས་རེད་འདུག འདྲ་་དཔར་དང་པོ། ས་སྐྱ་རྫོང་ཁོངས་ནས་ཡིན་པ་སྤེན་སྐྱིད་ལ་སྲོག་ཐོག་གཏོང་རྒྱུ་དང། འདྲ་་དཔར་གཉིས་པ་སྙེ་མོ་རྫོང་ནས་ཡིན་པ་སྤེན་སྐྱིད་ཚེ་བཙོན། འདྲ་དཔར་གསུམ་པ་རྣམ་གླིང་རྫོང་ནས་ཡིན་པ་འཆི་མེད་ལྷ་མོར་ལོ་བཅུ་བཙོན་བཅུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག

No comments:

Post a Comment

please write here .....