Tuesday, January 6, 2009

ྋགོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་གནང་བ།

༄༅། བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བསྟན་སྲིད་འགྲོ་དོན་སླད་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༦ ཞོགས་དྲོའི་ཕྱག་ཚོད་ ༧ པའི་ཐོག་བཞུགས་སྒར་རྡ་རམ་ས་ལ་ནས་གྷ་གྷལ་གནམ་ཐང་བརྒྱུད་གུ་ཇུ་ར་ཏི་མངའ་སྡེ་ཁུལ་གྱི་ཆོས་ལུགས་འདུ་འཛོམས་ཀྱི་མཛད་སྒོ་ཞིག་ཏུ་ཆིབས་བསྒྱུར་གནང་ཡོད་པ་དང༌།

ཕྱི་ཟླ་ ༡ ཚེས་ ༧ ཉིན་ནས་གནས་མཆོག་ཝ་ར་ན་སིར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་ཚེས་ ༨ ནས་དབུ་བཙུགས་ཏེ་བདུན་ཕྲག་གཅིག་ཙམ་རིང་དད་ལྡན་སེར་སྐྱ་ཁྲི་ཕྲག་བརྒལ་བར་གསུང་ཆོས་བསྩལ་གཏན་འཁེལ་ཡོད་ཅིང༌། གསུང་ཆོས་གྲུབ་རྗེས་རིམ་པས་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་ཁག་ཅིག་ཏུ་ཆིབས་བསྒྱུར་བསྐྱངས་རྒྱུའི་མཛད་འཆར་ཡོད་པ་རེད།།

No comments:

Post a Comment

please write here .....