Friday, November 7, 2008

Statement of His Holiness the Dalai Lama's Special Envoy Kasur Lodi Gyari

༄༅།བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཚོགས་པ་རྣམས་རྒྱ་ནག་གཞུང་ནས་ཇི་ལྟར་གདན་ཞུ་ཕུལ་བ་ལྟར་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༣༠ ནས་ཟླ་ ༡༡ ཚེས་ ༥ བར་རྒྱ་ནག་ཏུ་ཆེད་ཕེབས་ཀྱིས་བོད་རྒྱ་ཞི་མོལ་ཡོང་ཐབས་ཀྱི་བཀའ་མོལ་ཞུས་ཡོད་ཅིང༌། ཁོང་རྣམས་ཟླ་ ༡༡ ཚེས་ ༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཕྱིར་ཕེབས་གནང་ཡོད་པ་རེད། བཙན་བྱོལ་བོད་གཞུང་སྐུ་ཚབ་རྣམ་པའི་ཁོངས་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐལ་བཟང་རྒྱལ་མཚན་མཆོག་གིས་དབུས་ཕྱག་རོགས་བགྲེས་པ་དྲིལ་བསྒྲགས་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང༌། ཨ་རིར་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཀེ་ཚེ་རིང་དང༌། བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ལས་བྱེད་སྐལ་བཟང་ཚེ་རིང་བཅས་ལྷན་བཅར་ཞུས་ཡོད་ཅིང༌། ཁོང་རྣམ་དང་བཀའ་མོལ་ཞུ་མཁན་ཁྲོད་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ཨུད་པུའུ་ཀྲང་གཞོན་པ་ཀྲུའུ་ཝུའི་ཆོན་དང༌། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའི་གྲས་སྲི་ཐར། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་པདྨ་འཕྲིན་ལས་བཅས་ཡོད་པ་རེད། དེ་མིན་ཁོང་རྣམས་ནས་པེ་ཅིང་དུ་ཕེབས་རིང་བོད་རིག་པའི་ཞིབ་འཇུག་ཁང་གི་ལས་འཛིན་ལྷག་པ་ཕུན་ཚོགས་སོགས་དང་ཡང་མཇལ་འཕྲད་བྱུང་ཡོད་ལ། རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པ་ལྟར་ཉིང་ཤཱ་མི་རིགས་ཧུའི་རིགས་རང་སྐྱོང་ས་ཁུལ་དུའང་གཟིགས་བསྐོར་གནང་ཡོད་ཅིང༌། ཞིབ་ཕྲའི་བཀའ་མོལ་ཇི་བྱུང་ད་ལྟའི་ཆར་ཆ་ཚང་གསལ་བསྒྲགས་གནང་མེད་ཀྱང༌། རིང་མིན་ཚོགས་ལ་ཉེ་བའི་དམིགས་བསལ་ཚོགས་ཆེན་སྟེང་ནང་དོན་རགས་བསྡུས་ཁྱབ་བསྒྲགས་བྱེད་སྲིད་པའི་གནས་ཚུལ་ཡོད་པ་རེད།།

No comments:

Post a Comment

please write here .....