Tuesday, October 7, 2008

Latest News

གདམ་གཞུང་རྫོང་ཁོངས་སུ་འགུལ་ཚད་རིམ་པ་ ༦༦ ཅན་གྱི་ས་ཡོམ་བརྒྱབ་པ།
ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༤།༣༠ ཙམ་དུ་གྲོང་ཁྱེར་ལྷ་སའི་བྱང་ངོས་སུ་གནས་པའི་གདམ་གཞུང་རྫོང་རྒྱལ་དར་ཤང་ཡ་ཡུས་གྲོང་ཁོངས་སོགས་སུ་ས་ཡོམ་བརྒྱབ་སྟེ་ཉུང་མཐར་མི་དགུ་ཙམ་འདས་གྲོངས་སོང་ཡོད་པ་དང༌། ཁང་པ་བརྒྱ་ལྷག་གཏོར་སྐྱོན་བྱུང་ཡོད་འདུག་ཅིང༌། ས་ཡོམ་གྱི་དེའི་ཤུགས་རྐྱེན་ལྷ་ས་གྲོང་ཁྱེར་ཁྱོན་དུ་ཕོག་སྟེ་ས་ཡོམ་ཆུང་རྩག་རྒྱབ་པའི་གནས་ཚུལ་ཐོན་ཡོད་འདུག གདམ་གཞུང་རྫོང་རྒྱལ་དར་ཤང་ནི་ལྷ་ས་ནས་རྒྱང་ཚད་ཀི་ལི་མི་ཀྲར་ ༡༦༠ ཙམ་གྱི་སར་ཆགས་ཡོད་པ་དང༌། ཕྱི་ལོ་ ༡༩༩༢ ལོར་ཡང་རྒྱལ་དར་ཤང་ཁོངས་སུ་ས་ཡོམ་བརྒྱབ་པའི་གནས་ཚུལ་ཐོན་མྱོང་ཡོད་པ་རེད།།

No comments:

Post a Comment

please write here .....