Thursday, October 23, 2008

Dalai Lama to attend TCV’s founding anniversary celebration

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ཁྱིམ་དབུ་བརྙེས་པའི་མཛད་སྒོའི་སྟེང་ཆིབས་བསྒྱུར་གནང་གཏན་འཁེལ་བ།
༄༅། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༥ ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༤༨ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་པ་དང༌། བོད་ཕྲུག་ཁྱིམ་སྡེ་ནི་ཐོག་མར་ཕྱི་ལོ་ ༡༩༦༠ ལོར་དབུ་བརྙེས་ཤིང་ད་བར་སློབ་ཕྲུག་གྲངས་ཁྲི་ལྔ་བརྒལ་བར་ཤེས་ཡོན་སློབ་གཉེར་གྱི་གོ་སྐབས་གནང་མུས་མ་ཟད། ད་ཆར་སློབ་ཕྲུག་ཆིག་ཁྲི་ལྔ་སྟོང་ལྷག་ཙམ་ལ་ཁྱབ་ཁོངས་དབུས་དང་མ་ལག་སློབ་གྲྭ་ཁག་ནང་སློབ་སྦྱོང་སྤྲོད་བཞིན་ཡོད་པའི་བཙན་བྱོལ་ཁྲོད་ཀྱི་སློབ་གྲྭ་གལ་ཆེ་ཤོས་གྲས་ཤིག་ཡིན་པ་རེད།།

1 comment:

  1. ཟིན་བྲིས་འདི་ཡག་པོ་འདུག

    ReplyDelete

please write here .....