Monday, October 20, 2008

H.H. back to Dharamsala

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་ཕེབས་བསུ།
༄༅།བོད་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་བཞུགས་སྒར་ཉེ་འཁྲིས་གྷ་གྷལ་གནམ་ཐང་བརྒྱུད་གནམ་ཐོག་བཞུགས་སྒར་དུ་ཆིབས་བསྒྱུར་གནང་བ་དང༌། དེ་ཉིན་བཞུགས་སྒར་དབུས་ལས་ཁུངས་ཁག་གི་གཞུང་ཞབས་ཞབས་རྣམ་པས་དབུས་མི་མང་སེར་སྐྱ་ཡོངས་དང༌། སློབ་གྲྭ་ཁག དགོན་སྡེ་ཁག ཚོགས་སྐྱིད་ཁག་སོགས་ཡོངས་རྫོགས་ཕེབས་ལམ་དུ་ལག་ཏུ་བོད་ཀྱི་རྒྱལ་དར་དང༌། མཇལ་དར་སོགས་འཆང་སྟེ་ཕེབས་ལམ་གཡས་གཡོན་དུ་དར་མཚོན་སྣ་ལྔའི་དར་ལྕོག་ཕྲེང་བརྒྱུད་སྒྲོན་ཏེ་ཕེབས་བསུའི་གཟིམ་སྒོ་སྒྲོན་པ་སོགས་ཞུས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་ཉིན་རྒྱབ་ཕྱག་ཚོད་ ༤ པའི་ཐོག་ྋཞབས་སོར་འཁོད་ཡོད་པ་རེད།།

No comments:

Post a Comment

please write here .....