Wednesday, May 2, 2012

དམངས་ཕན་ཉེན་རྟོག་ས་ཚིགས་(便民警务站public police station) གྲངས་ ༦༧༦ གང་མགྱོགས་འཛུགས་སྐྲུན་བྱ་རྒྱུ་ཡིན་ཟེར།

༄༅། བོད་རང་སྐྱོང་ལྗོངས་ཟེར་བའི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་ལྗོངས་ཡོངས་སུ་དམངས་ཕན་ཉེན་རྟོག་ས་ཚིགས་(便民警务站public police station) གྲངས་ ༦༧༦ གང་མགྱོགས་འཛུགས་སྐྲུན་བྱ་རྒྱུ་ཡིན་ཟེར། ད་ལྟའི་ཆར་ལྷ་ས་ཁུལ་ཉེན་རྟོག་ས་ཚིགས་དེ་གྲངས་ ༡༣༥ ཙམ་གསར་བསྐྲུན་ཟིན་ཡོད་ ཅིང་། དེ་ནི་རྒྱུན་གཏན་གྱི་སྤྱི་བདེའི་ཁྱབ་ཁོངས་ཁག་གི་སྡེ་ཚན་དང་མངགས་གཏོང་ཁང་ ཡོད་བཞིན་པའི་ཐོག་དམིགས་སུ་གསར་འཛུགས་བྱས་པའི་ཉེན་རྟོག་པའི་ས་ཚིགས་ཤིག་ཡིན་ འདུག བརྒྱུད་ལམ་ཁག་ནས་ཐོན་བཞིན་པ་ལྟར་ན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་གྲ་ བཙུན་ཁྲི་བཞི་ལྷག་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྲངས་་༡༧༠༠་ཙམ་ཡོད་པ་ཁྱབ་ བསྒྲགས་བྱ་གི་ཡོད་འདུག དོན་དངོས་ཐོག་བོད་ཆོས་ལྡན་ཞིང་དུ་ཏང་ཡོན་མི་གྲངས་འབུམ་གཅིག་ལྷག་ཡོད་པ་དང་། གྲོང་ཁྱེར་དང་ས་ཁུལ་རྫོང་ཚང་མར་བཙོན་ཁང་དང་ལྟ་སྲུང་ཁང་ཡོད་ཅིང་། དམག་སྒར་སོགས་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། ལྷག་པར་དུ་སྤྱི་བདེ་ཉེན་རྟོག་པ་དང་ད་ལྟ་གསར་དུ་ལག་ལེན་བསྟར་བཞིན་པའི་དམངས་ ཕན་ཉེན་རྟོག་ས་ཚིགས་ཟེར་བ་དེ་ཚོ་ནི་དངོས་གནས་བོད་མིར་དྲག་གནོན་བྱ་རྒྱུར་ ཆེད་བཙུགས་བྱས་པའི་དཔེ་མཚོན་ལྟ་བུ་རེད། ད་དུང་བོད་ཁྱོན་ཡོངས་སུ་རིམ་པས་དེ་ལྟར་ལག་ལེན་བསྟར་ངེས་ཡིན་པ་མ་ཟད། བོད་ཀྱི་ས་ཁུལ་གཞན་པའི་ནང་དུའང་ང་ཚོས་ཤེས་མ་ཐུབ་པའི་ལས་གཞི་གང་འདྲ་སྤེལ་ གྱི་མེད་དམ། ངས་བལྟས་ན་དེ་འདྲའི་ཐོག་ནས་བོད་ནི་རྒྱ་ནག་གི་བཙོན་ར་ཆུང་ཆུང་ཞིག་རེད་ཅེས་ བརྗོད་བཞིན་པ་དེར་རྒྱུ་མཚན་ངེས་ཅན་ཡོད་པ་གསལ་པོར་མཐོང་གི་འདུག

No comments:

Post a Comment

please write here .....