Thursday, March 4, 2010

ཀྲུང་གོས་ཐབས་ལམ་གསར་པ་ཞིག་སྤྱད་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས།


གཞུང་འབྲེལ་གསར་ལམ་གྱི་འབོད་བསྐུལ་ཀྲུང་གོས་ཐབས་ལམ་གསར་པ་ཞིག་སྤྱད་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས
རྩོམ་པ་པོཿ  པེ་ཅིང་དུ་བཅའ་སྡོད་ཆེད་གཉེར་གསར་འགོད་པ་ཀྲུའུ་ཤིའི་ནས།  
22/02/2010 ཉིན་འགྲེམ་སྤེལ་ཞུས་པ་དང་22/02/2010,14;16TUལ་ལེགས་བཅོས་ཞུས་པ།
མཆནཿ ཀྲའུ་ཤི་ནི་ཕ་རན་སི་རྒྱལ་སྤྱིའི་རླུང་འཕྲིན་ཁང་RFIགི་པེ་ཅིང་དུ་བཅའ་སྡོད་གསར་འགོད་པ་ཞིག་ཡིན་པ་དང༌།  གནས་ཚུལ་ནང་འཁོད་པར་གཞིགས་ན། རྒྱ་ནག་གཞུང་འབྲེལ་ཚགས་པར་རྒྱ་ནག་ཉིན་ཚགས་China Dailyཐོག་ཕྱི་ཚེས་ ༢༢ ཉིན་འགོ་བརྗོད་དུ་ རྒྱ་ནག་གིས་བསམ་བློ་གཏོང་སྟངས་བརྗེ་པོ་ཞིག་བརྒྱབ་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ཞེས་འཁོད་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ཐད་གནས་ཚུལ་སྤེལ་བ་ཞིག་ཡིན་འདུག
ཡོན་ཏན་ནས་བོད་ཡིག་ཏུ་བསྒྱུར། 
http;//www,rfi/fr/actucn/articles/122/article-19600,asp
ལོ་ངོ་ལྔ་ཅུའི་སྔོན་མའོ་ཙེ་ཏུང་སྐད་ཅིག་འཆར་སྒོའི་ནོར་འཛོལ་གྱིས་ཏྭ་ལའི་བླ་མ་རྒྱལ་མཚམས་གྲོལ་བཅུག་དགོས་པའི་བཀའ་གཏོང་སྐབས་ཁོང་གི་སྣང་ཡུལ་དུ་འཆར་བཞིན་པའི་ལོ་ན་ཕྲ་ཞིང་གཤིས་རྒྱུད་འཇམ་པའི་ཏྭ་ལའི་བླ་མ་དེ་ཀྲུང་གོའི་རྒྱལ་གསུམ་གཏམ་རྒྱུདནང་འཐབ་ཇུས་མཁས་ཅན་ཀྲུའུ་ཀ་ལན་གྱིས་འཇུ་ཐེངས་བདུན་དང་གློད་ཐེངས་བདུན་བྱས་རྗེས་གཞི་ནས་ལུས་ངག་ཡིད་གསུམ་གྱི་ཕམ་ཁ་ཁས་ལེན་ཞུ་མཁན་དཔའ་རྒོད་མྭང་ཕྷོའོ་དང་རྩ་བ་ཉིད་ནས་གཅིག་མཚུངས་མིན་པ་བསམ་ཡུལ་དུ་ཡང་འཆར་མྱོང་ཡོད་མི་སྲིད།  ང་ཚོའི་དེ་རིང་གི་གྲོས་འགོ་དེ་གནད་དོན་དེ་རང་ནས་འགོ་འཛུགས་ཞུ་རྒྱུ་ཡིན།  མོའི་ཙེ་ཏུང་གི་ཀྱང་ཏྭ་ལའི་བླ་མར་ཆར་རླུང་ལ་བཀོད་པ་གཏོང་ནུས་པ་ལྟ་བུའི་ནུས་ཚད་ལྡན་ཡོད་པ་བསམ་ཡུལ་ལ་ཁོར་མྱོང་ཡོད་མི་སྲིད་པ་དང༌།
བོད་ཀྱི་གནད་དོན་ཟེར་བ་དེ་མ་གཞི་ནང་སོག་དང་ཉིང་ཤྭ་སོགས་ཀྱི་མི་རིགས་གནད་དོན་ལྟར་རིམ་བཞིན་ཡལ་འགྲོ་ངེས་པའི་གནད་དོན་ཞིག་ཡིན་རུང་དེ་ལས་ལྡོག་སྟེ་རྒྱལ་སྤྱི་ཅན་དུ་གྱུར་བ་མ་ཟད་ལོ་ངོ་བཅུ་གྲངས་དུ་མའི་ནང་པེ་ཅིང་མགོ་ན་དགོས་པའི་རྒྱལ་སྤྱིའི་གནད་དོན་ཞིག་ལ་གྱུར་ཡོད།  དེར་བརྟེན་གཞུང་ཕྱོགས་གསར་ལམཀྲུང་གོའི་ཉིན་རེའི་གསར་ཤོགནས་ཟླ ༢ ཚེས ༢༠ ཉིན་དཔྱད་རྩོམ་སྤེལ་ཏེ་ཀྲུང་གོས་ཐབས་ལམ་གསར་པ་ཞིག་སྤྱད་ནས་བོད་ཀྱི་གནད་དོན་ཐག་གཅོད་གཏོང་དགོས་ཞེས་བོད་ཀྱི་གནད་དོན་ལ་དམིགས་ནས་པེ་ཅིང་གི་དེ་སྔའི་མཁྲེགས་འཛིན་དང་གུ་དོག་ཕན་འབྲས་ཞན་པའི་ཐབས་ལམ་རྙིང་པ་དག་དོར་ཏེ་ཐབས་ལམ་གསར་པ་ཞིག་སྤྱོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
ཐོག་མར་པེ་ཅིང་གཞུང་ནས་དེ་སྔོན་གྱི་ཐེ་ཝན་གནད་དོན་ཐོག་གི་བསླབ་བྱ་ཟབ་མོ་དེ་ཚོ་དང་ལེན་བྱེད་དགོས།  ལོ་ངོ་ཉི་ཤུ་འམ་གསུམ་ཅུའི་སྔོན་མཚོ་ཁག་ངོག་གཉིས་མ་གཞི་ཀྲུང་གོ་གཅིགགི་གནད་དོན་ཐད་དེ་རིང་གི་གནས་སྟངས་ནས་བརྗོད་ན་ཐོབ་དཀོན་པའི་འོས་འཚམ་གྱི་གྲོས་མོལ་ཆིངས་ཡིག་ཞིག་བཞག་ཐུབ་ཀྱི་ཡོད་རུང༌།  དེ་སྐབས་པེ་ཅིང་གི་དབང་འཛིན་པ་ཚོས་གུ་བཤངས་གོམ་པ་གང་ཡང་བྱས་མེད་པ་དང༌།  དོན་གནད་ཐག་གཅོད་ཐུབ་མཁན་གྱི་གནད་ཡོད་ངོ་ཤེས་རྙིང་པ་རྣམས་འཇའ་ལྟར་མ་ཡལ་བར་ཨུ་ཚུགས་མཐའ་སྐྱལ་བྱས་རྗེས་མཐར་ཀྲུང་གོའི་འདུ་ཤེསའཛིན་མཁན་སྐམ་ས་ཆེན་པོའི་མི་ཁུངས་ཡིན་པའི་གོ་མིན་ཏང་གི་རྒན་གྲས་པ་རྣམས་ལོ་རྒྱུས་གར་སྟེང་ཐོག་ནས་རིམ་པས་ཞལ་གྱེས་ཞུས་ཚར་དུས་པེ་ཅིང་གི་ཕྱག་ཏུ་ངོག་གཉིས་ཀྱི་ཆིངས་ཡིགལྟ་བུའི་ཡིག་ཆ་ངོ་དྲགས་པ་སྣ་ཁ་གཅིག་ཀྱང་བསྟན་རྒྱུ་མེད་པར་ལུས་ཡོད། ཡོད་པ་གཅིག་རང་ནི་ནང་དོན་ཁ་གསལ་མེད་ཁར་རྩོད་རྙོག་ཆེ་ཞིང་ཚད་ལྡན་ཡིག་ཆར་བརྩིས་ཐབས་བྲལ་བའི་དགུ་གཉིས་སྤྱི་མོསཟེར་བ་དེ་རང་རེད། མཇུག་འབྲས་སུ་ཀྲང་གོ་གཅིགཁས་ལེན་གི་རེ་བ་ཡང་བསྒྲུབ་དཀའ་བར་རྒྱུར་ཏེ་ཐ་ན་ཕར་ཕྱོགས་ཀྱིས་ཀྲུང་གོ་གཅིགངོས་ལེན་བྱས་ན་དེ་མིན་ཚང་མ་གྲོས་མོལ་བྱས་ན་ཆོག་ཅེས་ཁས་ལེན་ཆེན་པོ་བྱེད་དགོས་པའི་གནས་སུ་ལྷུང་བ་རེད། 
དཔྱད་རྩོམ་ནང་བརྗོད་དོན།  ཧ་གོ་དོན་གསལ་ཞིག་ནི་དེ་རིང་གི་བོད་ཀྱི་གནད་དོན་འདི་ཡང་ཚད་གཞི་ངེས་ཅན་ཞིག་གི་ངོས་ནས་གོང་གསལ་གནད་དོན་དང་འདྲ་པོ་ཆགས་ཡོད། མཐར་ཐུག་ནས་བརྗོད་ན་ཏྭ་ལའི་བླ་མ་ནི་མཚོ་སྔོན་ཞིང་ཆེན་དུ་སྐུ་འཁྲུང་པ་དང་རྒྱལ་ནང་དུ་དགུང་ལོ་ཉི་ཤུ་ལྷག་བཞུགས་མྱོང་བ་མ་ཟད།  དེ་སྔ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་ཕྱག་འགན་ཐེངས་མང་བཞེས་མྱོང་ཡོད་སྟབས་མང་ཉུང་ལ་མ་ལྟོས་པར་ཀྲུང་གོའི་བརྩེ་སེམས་ལྡན་ཡོད།  ཁོང་གི་མིག་སྔའི་དགོངས་ཚུལ་བཞེས་ཕྱོགས་སམ་དམའ་ཐར་བཀའ་མོལ་གྱི་གླེང་སྟངས་ཕྱི་སྡོད་བོད་མིའི་ཁྲོད་ཆེས་ཞི་འཇམ་ཤོས་ཡིན་ཅིང་ཁོང་གི་བོད་དེ་ཀྲུང་གོའི་ཆ་ཤས་ཡིན་པར་ངོས་ལེན་གནང་གི་ཡོད་པ་མ་ཟད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱང་ངོས་འཛིན་གནང་འདོད་ཡོད་པ་རེད།  དེ་རྣམས་ཁོང་གི་ཡིད་གཏིང་གི་བཀའ་མོལ་ཡིན་ཡང་རུང་ཡང་ན་བེད་སྤྱོད་རིང་ལུགས་ཀྱི་དགོངས་ཚུལ་ཡིན་ཡང་རུང་གང་ལྟར་ཕྱི་ཚུལ་ནས་པེ་ཅིང་ལ་ཕན་ཐོགས་ཡོད་སྟབས་པེ་ཅིང་གི་དེ་རྣམས་ཡིག་ཆ་ཅན་དང་གྲོས་མོལ་ཟིན་ཐོ་འམ་སྤྱི་བསྒྲགས་ཡང་ན་ཆིངས་ཡིག་སོགས་ཀྱི་རྣམ་པའི་ཐོག་ནས་གཏན་འཁེལ་བཟོ་དགོས། དེ་ལྟར་བྱས་ན་ཕན་ཐོགས་གཉིས་ཡོད་པ་ནི་གཅིག་ནས་ཏྭ་ལའི་བླ་མ་དང་ཡུལ་གྱར་བོད་མི་རྒན་གྲས་རྣམས་འདས་གྲོངས་གྱུར་རྗེས་བོད་ཀྱི་གནད་དོན་སྔར་ལྟར་གནས་ཚེ་དགུ་གཉིས་སྤྱི་མོསལྟ་བུའི་བློ་འགྱོད་ལྷག་མི་སྲིད། གཉིས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒོལ་གཏམ་འབོད་སྒྲ་སྣ་ཚོགས་འགོག་ཐུབ་རྒྱུ་མ་ཟད་གོང་གསལ་ཏྭ་ལའི་བླ་མའི་དགོངས་བཞེད་རྣམས་ཆིངས་ཡིག་ཅན་དང་ཡིག་ཆ་ཅན་དུ་བཟོ་བའི་བརྒྱུད་རིམ་རང་ངོས་ཀྱིས་རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་བདག་དབང་ལ་བཅངས་པའི་དྭོགས་གཞི་ཡོངས་སེལ་ཐུབ།
དེ་མིན་པེ་ཅིང་ནས་གང་མགྱོགས་ཏྭ་ལའི་བླ་མ་དབར་དང་འབྲེལ་གཏུགས་བྱེད་སྟངས་ཀྱི་རྣམ་པར་འགྱུར་བ་གཏོང་དགོས། ཏྭ་ལ་བླ་མའི་སྐུ་ཚབ་མདུན་དུ་སོ་སོ་མཐོ་པོ་ཡིན་མདོག་གི་ཁོ་ཚོར་བསླབ་བྱ་རྐྱང་བརྒྱབ་སྟེ་ལོག་གཏོང་བ་དང༌།  ཏྭ་ལའི་བླ་མའི་ཕྱོགས་ནས་ཐ་ན་བོད་དེ་ཀྲུང་གོའི་ཆ་ཤས་ཡིན་པར་ངོས་འཛིན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སོགས་ཁས་ལེན་ཞུས་ཀྱང་ཚང་མ་མེས་རྒྱལ་ཁ་བྲལགྱི་བྱ་སྤྱོད་ལ་ངོས་ནས་གཤེ་གཤེ་གཏོང་རྐྱང་བྱེད་པ་མ་ཟད།  བོད་ཀྱི་གནད་དོན་དང་འབྲེལ་བ་སྤུ་ཙམ་མེད་པའིཐེ་ཝན་ཀྲུང་གོའི་ཆ་ཤས་ཡིན་སྐོརཡང་ཏྭ་ལའི་བླ་མར་ཁས་ལེན་་དགོས་པའི་ཆ་རྐྱེན་འདོན་གྱི་ཡོད་པ་རེད།  སྤྱོད་ཚུལ་དེ་ཚོས་ཏྭ་ལའི་བླ་མའི་ཕྱོགས་ནས་ཕྱི་ཕྱོགས་སུ་པེ་ཅིང་ནི་ཧམ་ཆེནདང་རྒྱུ་མཚན་མི་བཤད་མཁན་རེད་ཟེར་ཚུལ་ལ་ཟུར་བསྟན་ལེབ་མཐོང་ལྟ་བུའི་ལྡོག་ཕྱོགས་ཀྱི་ར་སྤྲོད་ནུས་པ་ཐོན་བཞིན་ཡོད།
ཀྲུང་གོའི་ཉིན་རེའི་གསར་ཤོགགི་དཔྱད་རྩོམ་ནང་དབྱེ་ཞིབ་ཞུས་པར་གཞིགས་ན།  དོན་དམ་ནུབ་ཕྱོགས་ཀྱི་མི་མང་ཆེ་བ་དང་རྒྱལ་ཁབ་ཁག་གི་རྒྱལ་ཚོགས་ཚོགས་མི་གཙོས་པའི་གནས་ཡོད་མི་སྣ་སོགས་ཚང་མས་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཧ་ཅང་ཆུང་ཞིང༌། ནུབ་ཕྱོགས་རྒྱལ་ཁབ་སྤྱི་ཡོངས་སུ་སྤྱིར་བཏང་གུང་ཁྲན་རིང་ལུགས་ལ་མི་དགའ་བའི་སེམས་ཁམས་ཏེ་ཏྭ་ལའི་བླ་མའི་ཕྱོགས་ནས་སྤྱང་གྲུང་དོད་པོས་བེད་སྤྱོད་བཏང་སྟེཀྲུང་གུང་གི་དམག་དཔུང་གི་ལྔ་ཅུའི་ལོར་བོད་ལ་དཔུང་འཇུག་བྱས་པ་རེདཟེར་བའི་དོན་དངོས་དེ་དྲངས་ནས་ནུབ་ཕྱོགས་མི་རྣམས་ལ་ཀྲུང་གུང་དམག་དཔུང་གིས་ཀྲུང་གོ་དང་འབྲེལ་བ་སྤུ་ཙམ་མེད་པའི་རྒྱལ་ཁབ་གཅིག་ལ་བཙན་འཛུལ་བྱས་པའི་ཚོར་བ་ཞིག་བདེ་བརླག་ངང་སྐྱེས་སུ་བཅུག་ཡོད།  མདོར་བསྡུས་ནས་བརྗོད་ན་དུས་དེ་ནས་བཟུང་བོད་དེ་གཞི་ནས་ཀྲུང་གོའི་ཆ་ཤས་སུ་གྱུར་བར་ངོས་འཛིན་བཞིན་ཡོད་པ་རེད། དོན་དངོས་ཐོག་ཀྲུང་གུང་དམག་དཔུང་བོད་ལ་དཔུང་འཇུག་བྱས་པ་ནི་ཀོང་ཤིའི་དང་ནང་སོག་སོགས་ཀྱི་ས་ཁུལ་དུ་དཔུང་འཇུག་བྱས་པ་དང་གཅིག་མཚུང་ཡིན་ཅིང༌།  དེ་ནི་རྒྱལ་རབས་བརྗེ་པོ་རྒྱབ་པའི་དུས་མཚམས་ལ་སྲིད་དབང་གསར་པས་རྒྱལ་རབས་རྙིང་པའི་ཤུལ་ཞག་དང་ཁྲིམས་སྲོལ་རྒྱུད་འཛིན་བྱས་པ་ཙམ་ཞིག་རེད།   མ་གཞི་རྒྱལ་རབས་སྔོན་མས་དུས་མཚམས་གཅིག་ནང་བོད་ལ་དོན་དམ་གྱི་དོ་དམ་བྱས་མེད།  འོན་ཀྱང་བོད་ནི་ཀྲུང་གོའི་མངའ་ཁུངས་ཡིན་པ་ནི་ལྔ་བཅུ་ཐམ་པ་ནས་འགོ་བརྩམས་པ་ཞིག་མ་རེད།
འོན་ཀྱང་མི་རྣམས་ཡ་མཚན་བྱེད་དགོས་པ་ཅིག་ལ་དེ་ལྟ་བུའི་བཙན་འཛུལ་ཟེར་བའི་ཉེས་མིང་དྲངས་ཀྱང་པེ་ཅིང་ནས་རྒྱལ་རབས་སྔོན་མའི་ཁྲིམས་སྲོལ་ལུང་འདྲེན་བྱེད་རྒྱུར་ངོ་ཚ་བྱས་ཏེ་ཞིང་བྲན་ལ་བཅིངས་གྲོལ་བཏང་ཡོདཟེར་བ་དང་དུས་རབས་དཀྱིལ་མ་ལྟ་བུའི་མུན་ནག་གི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་རྩ་མེད་བཏང་ཡོདཞེས་པ་སོགས་ཀྱི་རྒྱས་བཤད་རྐྱང་བྱེད་བཞིན་ཡོད་པ་རེད། དེ་ནི་ཏྭ་ལའི་བླ་མའི་ཕྱོགས་ནས་པེ་ཅིང་གི་བོད་ལ་བཙན་འཛུལཟེར་བ་དང་བོད་ཀྱི་རིག་གནས་གཏོར་བཤིགཟེར་བའི་ཉེས་མིང་དག་བསྐོར་ནས་ཁས་ལེན་བྱས་པ་དང་ཁྱད་པར་མེད། གང་ཡིན་ཟེར་ན་རྒྱལ་སྤྱིའི་སྤྱིར་བཏང་ལྟ་ཚུལ་ནི་མི་གཞན་གྱི་ལམ་ལུགས་ལ་སྐྱོན་ཆ་ཡོད་པའི་དབང་དུ་བཏང་ཡང་དེ་ཁྱོད་རང་བདག་དབང་ཡོད་པའི་རྒྱལ་ཁབ་ཞིག་ལ་བཙན་འཛུལ་བྱས་ཆོག་པའི་རྒྱུ་མཚན་ལ་བརྩིས་མི་རུང་ལ་དེ་བས་མི་གཞན་གྱི་ལམ་ལུགས་དང་རིག་གནས་རྩ་མེད་གཏོང་ཆེད་ཀྱི་ཁ་གཡར་སར་བརྩིས་མི་རུང་བའི་ངོས་འཛིན་བྱེད་ངེས་ཡིན་པས་རེད།
དཔྱད་རྩོམ་གྱི་མཇུག་མཐར་འབོད་སྐུལ་ཞུས་དོན། པེ་ཅིང་གི་ངེས་པར་དུ་དེང་དུས་རྒྱལ་སྤྱིས་ངོས་ལེན་གཅིག་མཚུངས་ཞུ་བཞིན་པའི་ཀུན་ལྡན་རིན་ཐངམཐར་ཕྱིན་བེད་སྤྱད་ནས་ཏྭ་ལའི་བླ་མའི་ཕྱོགས་ཀྱི་དྲིལ་བསྒྲགས་འདྲ་མིན་ལ་གདོང་ལེན་བྱེད་དགོས། དཔེར་ན་དེང་རབས་ཅན་དང་རང་དབང་འགྲན་རྩོད་དེ་བཞིན་དབང་ཆ་འདྲ་མཉམ་དང་སྐྱས་སྤོས་རང་དབང་སོགས་ལུང་འདྲེན་བྱས་ནས་ཡུལ་མི་གནས་སྤོས་ཟེར་བ་དང༌།  ཐུན་ཁོངས་བདེ་སྤྱོད་ཟེར་བ་སོགས་ཀྱི་བརྗོད་ཚུལ་ལ་རྒོལ་ལན་སློག་དགོས་པ་ལས་ཕྱི་ཕྱོགས་སུ་དྲིལ་སྒྲགས་ནུས་ཚད་ཧ་ཅང་ཆུང་བའི་མི་རིགས་ལྟ་སྐྱོང་སྲིད་ཇུསརྐྱང་རྐྱང་གླེང་སྡོད་རྒྱུ་མེད། གང་ཡིན་ཟེར་ན་རྒྱུན་ལྡན་གནས་སྟངས་འོག་རྒྱལ་ཁབ་གཅིག་གི་ནང་ཚུལ་དུ་སྤྱིར་བཏང་གཙོ་མཚོན་མི་རིགས་ཀྱིས་གྲངས་ཉུང་མི་རིགས་ལ་མཐོང་ཆུང་དང་གཉའ་གནོན་གཏོང་གི་ཡོད་པར་བརྟེན་ཀྲུང་གོའི་གུང་ཁྲན་ཏངགི་སྤྱོད་ཚུལ་དེ་ཡོ་བསྲང་མཐིལ་ཕྱིན་བྱས་ཏེ་ལས་གནས་གདན་ཞུ་དང༌།  སློབ་བསྐྱོད།  དེ་མིན་འཆར་ལྡན་བུ་བཙའ།  དཔལ་འབྱོར་རོགས་རམ།  ཁྲིམས་འཛིན་གཞུང་དྲང་སོགས་ཚང་མའི་ཐད་ལ་གཙོ་མཚོན་མི་རིགས་ལས་གྲངས་ཉུང་མི་རིགས་ལ་ལྟ་རྟོག་ལེགས་པ་བྱེད་ཀྱི་ཡོད་ཟེར་ན་ཕྱི་རྒྱལ་མི་ཚོའི་ཡིད་ཆེས་ཐོབ་རྒྱུ་ཧ་ཅང་ཁག་པོ་རེད། དོན་དེར་ཆེད་ལས་མི་སྣས་ཉམས་ཞིབ་བྱས་པར་གཞིགས་ན།  ཡུན་རིང་ནང་ཀྲུང་གོའི་གཞུང་ཕྱོགས་ཀྱི་མི་རིགས་ལྟ་སྐྱོང་སྲིད་ཇུས་སྣ་ཚོགས་མ་གཞི་སྟོང་བཤད་ཙམ་མིན་ནའང་དེས་དགོས་ངེས་ཀྱི་ནུས་པ་ཐོན་ཐུབ་ཀྱི་མེད་པ་དང་དེ་བས་བོད་མི་མང་པོས་ཏྭ་ལའི་བླ་མར་བཅངས་པའི་བླ་ན་མེད་པའི་ཆེ་མཐོང་ལ་གཡོ་འགུལ་གང་ཡང་གཏོང་ཐུབ་ཀྱི་མེད་པ་རེད།།


No comments:

Post a Comment

please write here .....