Tuesday, February 9, 2010

བཞུགས་སྒར་རྡ་རམ་ས་ལར་གངས་འཆར་བབ་བཞིན་པ།

 ༄༅།  ཕྱི་ལོ་ 2010 ཕྱི་ཟླ་ 2 ཚེས་ 8 ཉིན་ནས་བཟུང་བཞུགས་སྒརརྡ་རམ་ས་ལར་གངས་མ་ཆར་བབ་སྒོ་ཚུགས་བཞིན་དེ་རིང་ཚེས་ 9 ཉིན་གངས་མ་ཆར་ཤུགས་ཆེ་ཙམ་བབས་ཏེ་བཙན་བྱོལ་བོད་གཞུང་གི་བསྟིགནས་ཞུགས་སྒར་རྡ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་སུའང་གངས་བབས་ཏེ་གནམ་གཤིས་གྲང་ངར་ཆེ་ཙམ་ཡོད་ཀྱང༌།  གཞུང་ཞབས་ལས་བྱེད་རྣམས་གཅིག་མཇུག་གཉིས་མཐུད་ཀྱིས་ཆར་འགེབས་བསྣམས་ཏེ་ལས་ཁུངས་སོ་སོར་སྔར་བཞིན་ལས་བཅར་ཞུ་བཞིན་པས་གངས་མ་ཆར་བསིལ་མའི་གོས་ཀྱི་ཀླུབས་པའི་གངས་སྐྱིད་དབུས་སུ་ཆགས་པའི་མཆོད རྟེན་འདི་ནི་རྒྱུན་གཏན་ལས་བྱིན་རླབས་ཆེ་བ་ཞིག་མཐོང་གི་འདུག་ལ།  གྱིང་ངེར་བཞེངས་པའི་བཀའ་ཤག་གི་ཁང་རྩེགས་འདི་ནི་དེ་བས་ཀྱང་གཟི་བརྗིད་ཆེ་བ་ཞིག་མཐོང་གིའདུག

No comments:

Post a Comment

please write here .....