Monday, October 26, 2009

བོད་ནང་དམར་གསོད་བཏང་བའི་བོད་མི་རྣམས་ཀྱི་ཆེད་༸གོང་ས་མཆོག་ནས་མཐུ་སྨོན་གནང་བ།

༄༅།  དེ་རིང་ནི་ཟླ 10་ ཚེས་ 26་ རེས་གཟའ་ཟླ་བ་ཡིན་ཅིང༌།  བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་༸གོང་ས་མཆོག་གི་མཛད་རྣམ་དབུ་འབྱེད་ཀྱི་མཛད་སྒོ་དབུ་འཛུགས་གནང་ཡོད་ཅིང༌།  མཛད་སྒོའི་ཐོག་དགའ་ལྡན་ཁྲི་པ་ཁྲི་ཐོག 102་ པ་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་དང་།  བཀའ་རྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་སྐུ་ཕ྄ེང་བཅུ་བདུན་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག  སྐྱབས་རྗེ་སྨན་རི་ཁྲི་འཛིན་ཁྲི་ཐོག 33་པ་སྨན་རི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་མཆོག  
བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་མཛད་གཙོ་རྣམ་པ་བཅས་མཛད་སྒོའི་ཐོག་ཆིབས་བསྒྱུར་གནང་ཡོད་ཅིང༌།  མཛད་སྒོ་དང་སྟབས་བསྟུན་ཉེ་དུས་རྒྱ་ནག་གཞུང་ནས་སྔ་ལོའི་ཞི་རྒོལ་དང་འབྲེལ་བ་འི་ཐོག་བོད་རིགས་གཞོན་སྐྱེས་ཁག་ཅིག་སྲོག་ཐོག་བཏང་བར་ཐུགས་ཕམ་དང་འདས་པོའི་རྗེས་ཤུལ་ནང་མི་དང་བཅས་པར་ཐུགས་གསོ་འཚམས་འདྲི་དང་བཅས་མཛད་སྒོའི་ཐོག་མཐུ་སྨོན་སྐ྄ུབས་འཇུག་གནང་ཡོད་པ་རེད༎

སྲོག་ཐོག་ཏུ་སོང་བའི་བོད་མི་དེ་དག་ནི་རང་ལོ་ 27་ དུ་སོན་པའི་ལྷ་ས་བ་བློ་བཟང་རྒྱལ་མཚན་དང༌།  རང་ལོ་ 25་ཙམ་དུ་སོན་པའི་སྟག་རྩེ་བ་ལོ་ཡག  རང་ལོ་ 21་ཙམ་དུ་སོན་པའི་ས་སྐྱ་རྫོང་ཁོངས་ནས་ཡིན་པའི་བུད་མེད་སྤེན་སྐྱིད་དང་།  དེ་མ་ིན་ཕོ་གཞོན་ཞིག་བཅས་ཡིན་པ་རེད།།

No comments:

Post a Comment

please write here .....