 
Thursday, October 8, 2009
༸གོང་ས་མཆོག་ནས་བཞུགས་སྒར་དུ་གསུང་ཆོས་བཀའ་དྲིན་བསྐྱངས་གཏན་འཁེལ་བ།
༄༅།  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ྱི་ཟླ་ 10  ཚེས་ 15 ནས་ཚེས་ 18 ་བར་ཉིན་གྲངས་བཞིའི་རིང་ཇི་ལྟར་ཐེ་ཝན་ཆོ་ཞུ་བ་རྣམས་ནས་གསོལ་བ་བཏབ་པ་བཞིན་རྡོ་རྗེ་གཅོད་པ་དང༌།  བློ་སྦྱོང་དོན་བདུན་མ།  ལམ་གཙོ་རྣམ་གསུམ།  ཐུགས་རྗེ་ཆེན་པོའི་བཀའ་འདབང་བཅས་བཀའདྲིན་སྩལ་རྒྱུ་དང༌།  ཡང་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་པ་རྣམས་ནས་གསོལ་བ་བཏབ་པ་བཞིན་ཟླ་ 10་ཚེས་ 20་ནས་ ཚེས་ 22་བར་བདེན་བཞིའི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་ཆོས་བཀའ་དྲིན་བསྐྱངས་གཏན་འཁེལ་ཡོད་འདུག   
 
Subscribe to:
Post Comments (Atom)
 
 
No comments:
Post a Comment
please write here .....