Friday, August 14, 2009

༄༅། ཕོ་བྲང་པོ་ཏཱ་ལའི་མདུན་ངོས་ཐང་ཆེན་ཤར་ནུབ་ཏུ་ས་འོག་བགྲོད་ལམ་བཟོ་གཏན་འཁེལ་བ།

རྒྱ་ནག་གཞུང་ནས་ཕོ་བྲང་པོ་ཏཱ་ལའི་མདུན་ངོས་ཐང་ཆེན་གྱི་ཤར་ནུབ་གཉིས་ནས་ས་འོག་གི་བགྲོད་ལམ་བཟོ་གཏན་འཁེལ་ཡོད་པ་དང་། ས་འོག་གི་བགྲོད་ལམ་བཟོ་རྒྱུའི་འཆར་གཞི་འདི་ནི་ལོ་གཉིས་ཙམ་སྔོན་ནས་སྤྱི་ཚོགས་ཁྲོད་གླེང་སློང་བྱུང་ཡོད་ནའང་ད་བར་གཏན་འབེབས་བྱས་མེད་པ་རེད། ལྷ་སའི་གཏན་སྡོད་ཡུལ་མི་ཁག་ཅིག་ནས་ས་འོག་བགྲོད་ལམ་འདྲུད་ཚེ་ལྷ་ས་ནི་རྒྱ་མཚོའི་སྟེང་དུ་ཆགས་པའི་ལོ་རྒྱུས་ཡོད་སྟབས་ས་འོག་ཏུ་ཤུགས་ཆེ་འདྲུད་ཚེ་ཕོ་བྲང་གི་བརྟན་པོར་གནས་རྒྱུར་སྱོན་གནད་ཐོན་སྲིད་པའི་སེམས་འཚབས་ཤིན་ཏུ་ཆེན་པོ་བྱ་བཞིན་ཡོད་པ་རེད༎

No comments:

Post a Comment

please write here .....