Tuesday, July 21, 2009

༸གོང་་ས་མཆོག་ཨ་རིའི་སྲིད་འཛིན་མཇལ་འཕྲད་གནང་འཆར་ཡོད་པ།

༄༅། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཟླ་ ༩ ཚེས་ ༢༥ ནས་ ༢༦ བར་ཨ་རིའི་ཀ་ལིའི་ཕོའོ་ནི་ཡཱ་མངའ་སྡེའི་ཁོངས་སུ་ཡོད་པའི་དགའ་ལྡན་ཆོས་གླིང་ཆོས་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་འོད་དཔག་མེད་རྗེས་སྣང་བཀའ་འཁྲིད་བསྩལ་གཏན་འཁེལ་ཡོད་ཅིང། དེ་རིང་རྒྱ་གར་གྱི་དུས་བབས་ཚགས་དཔར་སོགས་ཀྱི་སྟེང་༸གོང་ས་མཆོག་གི་ཆིབས་བསྒྱུར་གྱི་གོ་སྐབས་འདི་དང་བསྟུན་ནས་ཨ་རིའི་སྲིད་འཛིན་མཇལ་འཕྲད་ཞུ་སྲིད་པའི་གནད་དོན་བཀོད་པ་སོགས་ལ་བརྟེན། རྒྱ་ནག་གཞུང་སླར་ཡང་སྡུག་སྐད་ཤོར་ཏེ་ཨ་རིའི་སྲིད་འཛིན་ཨོ་པཱ་མ་ཡིས་ཏཱ་ལའི་དང་ཐུག་འཕྲད་བྱས་ཚེ་ཨ་རི་དང་རྒྱ་ནག་གི་འབྲེལ་བར་ཇེ་སྡུག་ཏུ་འགྲོ་རྒྱུ་རེད་ཅེས་སྡིགས་བསྐུལ་ལྟ་བུ་བྱེད་བཞིན་ཡོད་ཀྱང། སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱི་སྲིད་འཛིན་བུའུ་ཤི་སོགས་ནས་རྒྱ་མིའི་གནོན་ ཤུགས་ལ་རྣམ་པར་རྒྱལ་ཏེ་གང་ཉིད་འཛམ་གླིང་ཞི་བདེའི་དེད་དཔོན་ཞིག་ཡིན་པའི་ཆ་ནས་འཇིགས་སྣང་མེད་པར་དགའ་་སྤྲོའི་རྣམ་པའི་ཐོག་གུས་བརྩི་དང་མཇལ་འཕྲད་ཞུས་ཡོད་པ་ལྟར། ད་ལྟའི་ཨ་རིའི་སྲིད་འཛིན་ལས་ཐོག་ཨོ་པཱ་མ་ཡིས་ཀྱང་འཛམ་གླིང་སྟེང་ཆེས་དཀོན་པའི་བྱམས་སེམས་ཀྱི་སྙིང་རྗེས་སྐྱེ་འགྲོ་ཀུན་ལ་མ་བུས་སྐྱོང་བའི་ཐུགས་རྗེས་འཛིན་མཁན་ཞིག་དང་། རང་ཉིད་ཀྱི་དགྲ་བོར་ཡང་མཛའ་ཞིང་བརྩེ་བའི་སྒོ་ནས་བསྟུན་མཁས་གནང་མཁན་གྱི་རླབས་ཆེན་གྱི་སྐྱེ་བོ་དེ་འདྲ་ཞིག་མཇལ་འཕྲད་ཞུ་རྒྱུ་ནི་གོ་སྐབས་རྩ་ཆེ་ཞིག་ཡིན་པར་བརྩིས་ཏེ་མཇལ་འཕྲད་ཞུ་རྒྱུའི་གྲ་སྒྲིག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།། སྐབས་དེར་

No comments:

Post a Comment

please write here .....