Friday, May 29, 2009

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཌན་མག་ཡུལ་གྲུར་མཛད་འཕྲིན་བསྐྱངས་བཞིན་པ།

༄༅། བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༥ ཚེས་ ༣༠ རེས་གཟའ་པ་སངས་ཉིན་ཌན་མག་གཞུང་གི་སྲིད་བློན་སྐུ་ཞབས་ལར་སེ་ལོ་ཀི་ར་སི་མུའུ་སན་མཆོག་དང་། ཕྱི་སྲིད་བློན་ཆེན་པར་སི་གྲིག་མོའོ་་ལར་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། ཌན་མག་སྲིད་བློན་མཆོག་ནས་༸གོང་ས་མཆོག་ལ་ཌན་མང་དུ་ནང་པ་ཞེ་དྲག་མེད་ཀྱངཌན་མག་མི་མང་ངོས་ནས་༸སྐྱབས་མགོན་རིན་པོ་ཆེ་མཆོག་མཛད་འཕྲིན་ལ་བསྔགས་་བརྗོད་དང་གུས་བརྩི་ཆེན་པོ་ཞུ་གི་ཡོད་པ་མ་ཟད།༛༝ ཌན་མག་གཞུང་ནས་བོད་་པའི་འགྲོ་བ་མིའི་ཐོབ་ཐང་དང་བོད་མི་མང་ལ་རྒྱབ་སྐྱོར་་ཞུ་གི་ཡོད་ཅེས་སྙན་སེང་ཞུས་ཡོད་པ་རེད། ༸གོང་ས་མཆོག་དང་ཌན་མག་བློན་ཆེན་ལར་སི་ལུ་གི་ལྷན་དུ་བཀའ་མོལ་གནང་བཞིན་ཕེབས་བཞིན་པ།

No comments:

Post a Comment

please write here .....