Saturday, May 23, 2009

བོད་མི་བཞི་ལ་སྲོག་ཐོག་གི་ཁྲིམས་ཆད་བཏང་བ།

༄༅། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པ་ཟླ་ ༤ ཚེས་ ༨ ཉིན་སྔ་ལོའི་ཟླ་ ༣ ཚེས་ ༡༤།༡༥ ཉིན་ལྷ་ས་གྲོང་ཁྱེར་དང་དེའི་ཁོངས་གཏོགས་སྟག་རྩེ་རྫོང་ཁོངས་སུ་ངོ་རྒོལ་ནང་ཞུགས་མཁན་བོད་མི་ལྔ་ལ་རིམ་པ་མི་འདྲ་བའི་ཁྲིམས་ཆད་ལྕི་པོ་བཏང་ཡོད་པ་དང། ད་ལྟ་རང་ལོ་ ༢༧ དུ་སོན་ཞིང་སྐྱེས་ཡུལ་ལྷ་ས་གྲོང་ཁྱེར་ཁོངས་གཏོགས་ནས་ཡིན་པ་བློ་བཟང་རྒྱལ་མཚན་སྲོག་ ཐོག་གཏོང་རྒྱུ་དང། རང་ལོ་ ༢༧ དུ་སོན་ཅིང་སྐྱེས་ཡུལ་ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་ཁོངས་ནས་ཡིན་པའི་བསྟན་འཛིན་ཕུན་ཚོགས་ལོ་གཉིས་འཕར་འགྱངས་ཀྱིས་སྲོག་ཐོག་གཏོང་རྒྱུ།
རང་ལོ་ ༢༥ སོན་པའི་ལོ་ཡག སྐྱེས་ཡུལ་སྟག་རྩེ་རྫོང་ཁོངས་ནས་ཡིན་པ་སྲོག་ཐོག་གཏོང་རྒྱུ་དང། རང་ལོ་་ ༢༢ དུ་སོན་པའི་རྐངབཙུགས། ལོ་གཉིས་འཕར་འགྱངས་ཀྱིས་སྲོག་ཐོག་གཏོང་རྒྱུ། རང་ལོ་་ ༣༠ ཙམ་ཡིན་པའི་ཟླ་བ་བཟང་པོ། སྐྱེས་ཡུལ་སྟག་རྩེ་རྫོང་ཁོངས་ནས་ཡིན་པ། ཚེ་གང་བཙོན་བཅུག་བྱ་རྒྱུ་བཅས་ཀྱི་ཐག་གཅོད་བྱས་ཡོད་པ་རེད།།

No comments:

Post a Comment

please write here .....