Friday, April 17, 2009

༸གོང་ས་མཆོག་ནས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་ཐེངས་གསུམ་པ་གཏན་འཁེལ་བ།

༄༅། བོད་ཀྱི་དུས་བབས་དྲ་གནས་་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་་ཆེན་པོ་མཆོག་ནས་ཕྱི་ལོ་་༢༠༠༩་ཟླ་ ༦ ཚེས་ ༢༤།༢༥ ཉིན་གྲངས་གཉིས་རིང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཀང་དུ་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་ཐེངས་གསུམ་པ་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་པའི་སྐོར་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་གནས་ཚུལ་མཁོ་སྤྲོད་བྱས་པ་ཞིག་ལུང་འདྲེན་བྱས་ཡོད་པ་རེད།།

No comments:

Post a Comment

please write here .....